ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པ། བདེ་ལེགས་མཚོ། རིག་འཛིན་ཚེ་རིང་། ཟླ9བའི་ཚེས12ཉིན་ཀྱི་ཕྱི་དྲོར། སྐབས་གཉིས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་ལ་ཞུགས་པའི་གསར་འགོད་པ་ཁྲི་ཀ་རྫོང་ཨར་ལེན་སྡེ་བ་རུ་སོང་ནས་ཆེད་དོན་བཅར་འདྲི་བྱས།
ཁྲི་ཀ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཚེ་རིང་དོན་འགྲུབ།
ཨར་ལེན་སྡེ་བ་ནི་ཁྲི་ཀ་རྫོང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པའི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པའི་སྡེ་བ་ཞིག་ཡིན་ལ། ཁྲི་ཀ་རྫོང་ཀ་རིང་ཞང་གི་ཁོངས་སུ་གཏོགས། སྤྱི་ལོ1986ལོར་ཀ་རིང་ཞང་ཚེ་མགུ་མཁར་ཐོག་སྡེ་བ་ནས་ད་ལྟའི་ཨེར་ལེན་སྡེ་བར་གནས་སྤར། ཁྲི་ཀ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་མགོ་ཁྲིད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། སྡེ་མིང་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་ག་གེ་མོའི་ལེན་གཉིས་པའི་སྒར་ས་ཡིན་པས་མིང་དེ་ལྟར་བཏགས་པ་ཡིན། སྡེ་བ་དེའི་ས་བབ་ཁོད་ཡངས་ཤིང་ས་གཤིས་བརླན་ཞིང་བཤེར་བ། ས་རྒྱུ་མཐུན་རྐྱེན་ཧ་ཅང་ལེགས་ཤིང་། རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཡོད་པས། གནས་སྐོར་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པར་མ་ཟད། ཐོན་རྫས་དར་སྤེལ་གྱི་མདུན་ལྗོངས་ཀྱང་ཧ་ཅང་ཆེན་པོ་ཡོད།
ཁྲི་ཀ་རྫོང་ཀ་རིང་ཞང་ཨར་ལེན་སྡེ་བའི་སྡེི་མི། ལིའུ་ཀོང་མེ།
བཅར་འདྲི་ལས་རྒྱུས་ལོན་བྱུང་པ་ལྟར་ན། ཨར་ལེན་སྡེ་བ་རྨ་འགྲམ་དུ་གནས་སྤར་ཏེ་ད་ལྟའི་བར་དུ་ལོ་ངོ་སོ་བཞི་ལྷག་འགོར་ཡོད། ཚེ་མགུ་མཁར་ཐོག་ས་འདིར་གནས་མ་སྤར་གོང་དུ་དཔལ་འབྱོར་ཡོང་ཁུངས་ཉུང་ཞིང་། འགྲིམ་འགྲུལ་དང་ཆུ་གློག་ལམ་གསུམ་སོགས་ཀྱང་སྟབས་མི་བདེ་བས། སྡེ་བ་ཧྲིལ་པོར་དབུལ་ཕོངས་ཀྱི་གནས་སུ་ལུས་ཡོད། ཨར་ལེན་སྡེ་བར་གནས་སྤོར་ཁྱིམ་གཞིས་མ་ཆགས་གོང་དུ་ས་རྒོད་ཁོ་ན་ཡིན་ཕྱིར། ཁྲི་ཀ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིག་བུན་ཡུས་ཀྱིས་འབད་བརྩོན་བྱས་པར་བརྟེན་ནས་ས་རྒོད་སློག་སྟེ་སྔོ་ཚོད་དང་སིལ་ཏོག་གི་རིགས་འདེབས་འཛུགས་བྱས་ཏེ། གནས་སྐོར་ལྗོངས་ཁུལ་གསར་སྤེལ་བྱས་པར་བརྟེན་ནས། ད་ལྟ་གནས་སྐོར་ལྗོངས་རྒྱུ་དང་ཐོན་ལས་གསར་སྤེལ་བྱེད་སའི་རྟེན་གཞི་ཞིག་ཆགས་པར་མ་ཟད། སྡེ་བའི་ཁྱིམ་ཚང་ཡོད་ཚད་དབུལ་ཐར་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
སྡེ་བ་འདིར་བོད་རིགས་དང་རྒྱ་རིགས། ཧོས་རིགས་གསུམ་འདུས་སྡོད་བྱས་ཡོད་ལ། ཁྱིམ་ཚང་བརྒྱ་དང་དྲུག་ཡོད་པར་མི་གྲངས300ལྷག་ཡོད། ད་ལྟ་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་བའི་སྡེ་བ་ཞིག་ཏུ་གྱུར་ཡོད་ཕྱིར། སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཀྲུང་གོའི་ཞིང་སྡེའི་གནས་སྐོར་དཔེ་སྟོན་སྡེ་བ་སོགས་ཀྱི་མཚན་སྙན་ཐོབ་པ་དང་། 2018ལོརམཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་དཔེ་སྟོན་སྡེ་བ་རུ་གཏན་འབེབས་བྱས་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
གནས་སྐོར་ལྗོངས་རྒྱུ་དང་ཐོན་ལས་གསར་སྤེལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ཨར་ལེན་སྡེ་བ།