ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཚེས23ཉིན་གནས་ཚུལ་སྤེལ་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི། ཡོན་ཀྲང་གཞོན་པ་ཀྲའོ་ཧྭ་ཆིང་ལ་ཚབས་ཆེ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་མཚོ་ཤར་གྲོང་ཁྱེར་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
ཀྲའོ་ཧྭ་ཆིང་། ཕོ། རྒྱ་རིགས། 1968ལོའི་ཟླ5པར་སྐྱེས། ཁྲུང་ཆིན་ཅང་ཅིན་གྱི་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་ནས་སློབ་གཉེར་བྱས། 1988ལོའི་ཟླ8པར་ལས་ཀར་ཞུགས། 1997ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2016ལོའི་ཟླ3པ་ནས2017ལོའི་ཟླ11བར་ཀྲའོ་ཧྭ་ཆིང་མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲུའུ་རིམ་པ་གཞོན་པའི་འདྲི་གཅོད་པའི་འགན་ཁུར། 2017ལོའི་ཟླ11ནས་ད་ལྟའི་བར་མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲུའུ་རིམ་པའི་འདྲི་གཅོད་པ(རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན།)བཅས་ཀྱི་འགན་ཁུར། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཀྲའོ་ཧྭ་ཆིང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།