མཚོ་སྔོན་ཞིང་ཆེན་གྱི་ཚྭ་འདམ་གཞོང་གི་འཕང་འབྲས་དེ་ཡོ་རོབ་མནའ་འབྲེལ་གྱི་ས་གཤིས་རྟགས་མཚན་གྱི་མིང་ཐོའི་ཁྲོད་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་ཤེས་གསལ་ལྟར་ན། ཉེ་ཆར། ཀྲུང་གོ་དང་ཡོ་རོབ་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ས་གཤིས་རྟགས་མཚན་ཆོད་དོན་སྟེང་མིང་རྟགས་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་གི་འཕང་འབྲས་དེ་ཆོད་དོན་ཁྲོད་ཀྱི་སྐོར་རིམ་དང་པོའི་ཀྲུང་གོའི་ས་གཤིས་རྟགས་མཚན100ཡི་ཐོན་རྫས་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ཡོ་རོབ་མནའ་འབྲེལ་གྱི་སྲུང་སྐྱོབ་ས་གཤིས་རྟགས་མཚན་གྱི་མིང་ཐོའི་ཁྲོད་ཚུད་ཅིང་། འདིས་མཚོ་སྔོན་གྱི་ཚྭ་འདམ་གཞོང་གི་འཕང་འབྲས་དེ་ཡོ་རོབ་ཚོང་རའི་ཁྲོད་འགྲེམ་རྒྱུ་ཡིན་པ་མཚོན། 

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྔ་གཞུག་ཏུ་མཚོ་ནུབ་འཕང་འབྲས་ཐོན་ལས་འཕེལ་རྒྱས་ལག་བསྟར་བསམ་འཆར་དང་། འཕང་འབྲས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་པའི་སྐོར་གྱི་བསམ་འཆར་སོགས་ཀྱི་སྲིད་ཇུས་བཏོན་པ་དང་། ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ཁུལ་དང་། རྒྱལ་ཡོངས་ས་བབ་མཐོ་བའི་འཕང་འབྲས་འདེབས་འཛུགས་ཐོན་ལས་ཀྱི་མིང་རྟགས་ཟོང་རྟགས་དཔེ་སྟོན་ཁུལ་གསར་སྐྲུན་དང་། རྒྱལ་ཁར་རིམ་པའི་འཕང་འབྲས་ཕྱིར་གཏོང་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ། བཅུད་ལྡན་འཕང་འབྲས་ཐོན་ལས་རྒྱལ་ཁབ་གསར་སྐྲུན་མནའ་འབྲེལ་གསར་བ་སོགས་གསར་འཛུགས་བྱས་པ་དེས། ཐོན་རྫས་ཀྱི་ཟོང་རྟགས་རིན་གོང་དང་སྤུས་ཚད་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།