མཚོ་སྔོན་ཞིང་ཆེན་གྱི་ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཚད་མཐུན་དཔང་ཡིག་སྒྲིག་སྲོལ་ཚོད་ལྟའི་རྣམ་པ་ལེགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ3པར་ཟས་སྤྱོད་ཞིང་ལས་ཐོན་རྫས་ཚད་མཐུན་དཔང་ཡིག་སྒྲིག་སྲོལ་ཚོད་ལྟའི་བྱ་བ་འགོ་བརྩམས་པའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་མཉམ་ལས་ཁང་། ཞིང་བའི་སྤྲོ་ཁྱིམ་གླིང1539དེའི་ཁྲོད་ཞུགས་ཏེ་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱས། བསྡོམས་རྩིས་ལྟར་ན། ད་ལྟ་ཞིང་ཆེན་ཡོངས་སུ་ཟས་སྤྱོད་ཞིང་ལས་ཐོན་རྫས་ཚད་མཐུན་དཔང་ཡིག་ཁྲི8བྱིན་པ་དང་། དཔང་ཡིག་ལྡན་པའི་སྔོ་ཚོད་སོགས་ཀྱི་ཐོན་རྫས་ཚོང་རར་བཀྲམ་ཚད་ཏུན་ཁྲི5.4ལ་སླེབས། 

རྒྱུས་ལོན་པ་ལྟར་ན། ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཚད་མཐུན་དཔང་ཡིག་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར། ཐོན་སྐྱེད་མཁན་གྱིས་ཚོད་འཛིན་ཚད་ལེན་གྱི་རྨང་གཞི་སྟེང་རང་འགུལ་སྒོས་ཚད་མཐུན་དཔང་ཡིག་ལེན་པ་དང་། ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་པར་ཁས་ལེན་དགོས། ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱི་འགན་ཁུར་བས་ལྟ་སྐུལ་མཛུབ་སྟོན་འོག་ཚད་མཐུན་དཔང་ཡིག་ལེན་པའི་བྱ་བ་སྤེལ་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣོན་དགོས། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡིས་ཞིང་སྨན་དང་འདེབས་འཛུགས་གསོ་སྤེལ་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ཏེ། བདེ་འཇགས་ཉེན་ཁའི་འགོ་ཁུངས་ལ་ཚོད་འཛིན་ནན་མོ་བྱས་ཤིང་། གཙོ་གནད་ཁེ་ལས་18དང་ཞིང་བའི་ཆེད་ལས་མཉམ་ལས་ཁང་33ལ་གློག་རྡུལ་ཚད་མཐུན་དཔང་ཡིག་དཔར་ཆས་སྡེབ་སྒྲིག་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།