སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དྲུག་པས་མཚོ་སྔོན་དུ་ལྟ་སྐུལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་སོ་སོའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་སྒྲིག་སྲོལ་འཐུས་ཚང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་ཆེད། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དྲུག་པས་ཟླ9བའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་དུ་ལྟ་སྐུལ་བྱས། ངོ་འཕྲད་ཚོགས་འདུའི་སྟེང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དྲུག་པའི་ཚན་གཙོ་ལིས་ཧོང་ཀོས་ཀྱིས་ལྟ་སྐུལ་ཞིབ་བཤེར་གྱི་དམིགས་ཡུལ་དང་བྱ་བའི་བཀོད་སྒྲིག བླང་བྱ་མཚམས་སྦྱོར་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མཚོ་སྔོན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་བྱ་བའི་བྱེད་ཐབས་དང་ཕན་འབྲས། དེའི་དཀའ་ཁག་དང་གནད་དོན། དེ་མིན་རྗེས་ཕྱོགས་ཀྱི་བྱ་བའི་བཀོད་སྒྲིག་མཚམས་སྦྱོར་བྱས། 

ཚན་གཙོ་ལིས་ཧོང་ཀོས་ཡིས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་བཅོས་བསྒྱུར་འཐུས་ཚང་དུ་གཏོང་བའི་མཛུབ་སྟོན་བསམ་འཆར་གྱི་བྱེ་བྲག་གི་བླང་བྱ་ཡིན་ཞིང་། རིམས་ནད་དང་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་གྱི་ཉེན་ཁ་ཞི་འཇགས་སུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་སྒྲིག་འཛུགས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ལ་སྲུང་སྐྱོང་བྱེད་པ་བཅས་ནི། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དང་ས་གནས་སྲིད་གཞུང་གིས་མཉམ་དུ་འགན་སྒྲུབ་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ཆབ་སྲིད་ལས་འགན་ཡིན་ཞེས་བསྟན། 

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ཐེངས་དྲུག་པ་མཚོ་སྔོན་དུ་སྡོད་པའི་དུས་ཚོད་ནི་ཟླ9བའི་ཚེས་22ཉིན་ནས་ཟླ9བའི་ཚེས29ཉིན་བར། ཆེད་དམིགས་ཁ་པར་ནི0971-5228269,6260629ཡིན་པ་དང་། ཁ་པར་ལེན་པའི་དུས་ཚོད8:00-20:00བར། གློག་རྡུལ་ཡིག་ཟམ།ylwshyzhjgdc@163.comཁ་པར་དང་ཡིག་ཟམ་བརྒྱུད་ནས་ཞུ་གཏུགས་བྱས་ཆོག  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།