ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ཚོགས་པ50དང་མི་སྒེར55ལ“མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྣའི”གཟེངས་རྟགས་སྤྲད་པ་རེད།
མཚོ་སྔོན་ཞིང་ཆེན་ནི་མི་རིགས་མང་པོ་འདུས་སྡོད་ཁུལ་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་དུ་འདྲེས་བའི་གྲངས་ཉུང་མི་རིགས་ཀྱི་ཟིན་ཚད་ཆེས་མཐོ་ཤོས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་གྲོང་ཁྱེར་དང་ཁུལ་ཚང་མ་རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་དུ་གྱུར་བའི་ཞིང་ཆེན་གྱི་གྲས་སུ་ཚུད་ཡོད། ད་ཐེངས་ཀྱི་ཚོགས་འདུའི་སྟེང་ལས་རིགས་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།
ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཟེངས་བསྟོད་གཏན་འབེབས་ཁྱབ་བསྒྲགས་གནང་བ་དང་། ཟི་ལིང་གྲོང་ཁྱེར་གྱི་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ཚོགས་པ50དང་མཱ་ཝའེ་གོ་སོགས་མི55ལ“མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྣའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།
དུས་མཚུངས་སུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་གཞོན་པ་ལི་ཀྲུང་ཞེ་ཡིས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དང་ཁུལ་གྱི་མིང་འདོགས་རྒྱུའི་སྐོར་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྣར་གཟེངས་རྟགས་སྤྲད་པ།