ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་མཐོར་འདེགས་དང་། ཡིད་ཆེས་བཞི་སྲ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། ངེས་ཤེས་གསལ་བོ་དང་གཟབ་ནན་གྱི་བྱེད་སྟངས། ཡང་དག་པའི་བྱ་སྤྱོད་ཀྱིས་དུས་རབས་གསར་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་སྐུལ་འདེད་བྱེད་དགོས་ཞེས་བསྟན།
ཡུས་ཚུང་ལིས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བརྩི་སྲུང་བྱེད་པ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཆབ་སྲིད་བླང་བྱ་ཡིན་ཞིང་། རྨང་གཞིའི་བྱ་བ་ཞིག་ཀྱང་ཡིན། ངེས་པར་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་རྨང་གཞིའི་གོ་རིམ་དང་ལས་འགན་ཁོང་དུ་ཆུད་པར་བྱེད་དགོས། ཁྲིམས་འཛུགས་གཟབ་ནན་ཡིན་དགོས་ཤིང་། ཧུར་ཐག་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འཁེལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། རང་འགུལ་སྒོས་ཁྲིམས་སྲོལ་སློབ་སྦྱོང་དང་། སེམས་སུ་འགན་འཁྲི་དང་ངེས་ཤེས་ཡོད་དགོས་ལ། ཁྲིམས་སྲོལ་དྲིལ་སྒྲོག་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སྒྲིག་སྲོལ་གྱི་ཤེས་ཚད་དང་ཤན་ཤུགས་ཆེ་རུ་གཏོང་དགོས། འགན་འཁྲི་གཟབ་ནན་དང་ལྟ་ཞིབ་རྒྱུགས་ལེན་དཔྱད་ཞིབ་ཤུགས་དྲག་ཏུ་བཏང་ནས། ཚད་གཞི་མཐོ་ཤོས་ཀྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་པ་དང་། ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་འགན་ནུས་ལག་བསྟར་དང་བྱ་བ་སྒྲུབ་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཡུས་ཚུང་ལི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།