མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱིས་གྲོང་ཚོ(སྡེ་ཁུལ་)རུ་ན་གཞོན་དགེ་རྒན་གྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་ལྟེ་གནས་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་གཞོན་དགེ་རྒན་གྱིས་ཏང་གི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནས་བབ། མི་དམངས་ཀྱི་གནས་ཚུལ་བཅས་ཤེས་རྟོགས་གཏིང་ཟབ་ཡོང་བར་ཤུགས་སྣོན་རྒྱབ་ཏེ་སློབ་གྲྭའི་ན་གཞོན་དགེ་རྒན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་དང་མཚོ་སྔོན་གྱི་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ནས་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱིས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཀྱི་ཨར་ཧྲི་ལིས་ཕུའུ་གྲོང་ཚོ་དང་། མཁར་ནུབ་ཆུས་ཀྱི་དབྱི་ཚའེ་སྲང་ལམ་ཤར་གྱི་སྡེ་ཁུལ། མཁར་ནུབ་ཆུས་ཀྱི་ཕེང་ཅ་ཀྲའེ་གྲོང་རྡལ་གྱི་ཁྲེན་ཀོང་གྲོང་ཚོ། མཁར་དབུས་ཆུས་ཀྱི་ནཱན་ཡོག་ཧྲན་གྲོང་ཚོ། དབུལ་སྐྱོར་བྱ་ཡུལ་གྱི་དབྱི་ཧྲེ་ཀྲ་གྲོང་ཚོ་བཅས་གྲོང་ཚོ(སྡེ་ཁུལ)5རུ་སྒོ་བྱང་བཀལ་ནས་སློབ་གྲྭའི“ན་གཞོན་དགེ་རྒན་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་རྟེན་གཞི”བཙུགས། 

གྲོང་ཚོར(སྡེ་ཁུལ)“ན་གཞོན་དགེ་རྒན་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་རྟེན་གཞི”འཛུགས་རྒྱུ་ནི་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱི་དགེ་རྒན་གསོ་སྐྱོང་ཐད་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན། གྲོང་གསེབ་སྡེ་ཁུལ་གྱི་ལག་ལེན་ཁྲོད་སྦྱོང་བརྡར་བྱས་པར་བརྟེན་ན་གཞོན་དགེ་རྒན་གྱིས་ཞིབ་འཇུག་བྱེད་ཁོངས་ཟུང་འབྲེལ་སྒོས་གྲོང་གསེབ་སྡེ་ཁུལ་གྱི་མཉམ་ལས་དང་ཞིབ་འཇུག་གསར་སྤེལ་ཐག་གཅོད་ཀྱི་འབྲེལ་ཡོད་གནད་དོན་ཚོད་ལྟ་བྱས་ཏེ་ཚན་ཞིབ་ལག་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་དང་། སློབ་ཁྲིད་ཁྲོད་ཀྱི་རིག་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཐུབ་པར་མ་ཟད། ན་གཞོན་དགེ་རྒན་གྱིས་གནད་དོན་ཤེས་རྟོགས་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་བཏང་ནས་་མགྱོགས་མྱུར་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱེད་ཐུབ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།