ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས4ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མིན། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་པའོ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རིམ་པ་དང་པོའི་སྐོར་ཞིབ་པ་མཱ་ཝུན་པེའོ་སོགས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི6གིས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གཞུང་དོན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་། ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་། ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཧོར་ཝན་སྡེ་བ་བཅས་སུ་ཆེད་དོན་སྙན་ཞུ་ཕུལ་བ་རེད།
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་ཚོགས་འདུའི་ཐོག་གྲོས་ཞིབ་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱས་ནས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི》གཙོ་གནད་དུ་བཟུང་བ་དང་། 《ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས》གཞི་རྩར་བཟུང་ནས། ཕྱོགས་ཡོངས་དང་གནད་དུ་འཁེལ་བ། གཏིང་ཟབ་བཅས་ཀྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།
སྙན་ཞུ་ལ་ཉན་པའི་ཏང་ཡོན་ལས་བྱེད་པས་མགྲིན་གཅིག་གིས་སྒྲོག་བཤད་ཀྱི་གཙོ་གནད་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པ། བསམ་བློའི་རང་བཞིན་དང་། མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད་པའི་གཅིག་མཐུན་གྱི་ངོས་འཛིན་གནང་། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དགོངས་དོན་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་གོ་བ་ལེན་ཚད་ཇེ་ཟབ་ཏུ་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིམ་དང་ལས་དོན་ལ་ནན་གྱིས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ལག་ལེན་ཁྲོད་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དང་། དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་ཀྱིས་གཏན་དུ་འཁེལ་བའི་འགན་ནུས་སྒྲུབ་པ། དམངས་འཐུས་ཚོགས་ཆེན་གྱི་ལེགས་སྐྱེས་གལ་ཆེན་འབུལ་དགོས་པར་བསྟན་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།