འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་བདེ་སྐྱིད་སྡེ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ས་བབ་མཐོ་བ་དང་གྲང་ངར་ཆེ་སའི་དབུལ་ཕོངས་མང་ཚོགས946འཚོ་གནས་ཆ་རྐྱེན་དང་འཕེལ་རྒྱས་བར་སྟོང་བལྟོས་བཅས་ཀྱིས་ཅུང་ལེགས་པའི་རྨ་ཆུའི་རོང་སར་གནས་སྤར་བས། མང་ཚོགས་ཀྱི་ཡོང་འབབ་གནས་སྤོ་མ་བྱས་གོང་གི་ལོ་རེར་མི་རེར་ཆ་སྙོམས་ཀྱི་སྒོར་3700ནས་སྒོར་9800བར་འཕར་ཡོད་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་བླང་བྱར་སླེབས་ཡོད།

2018ལོར་གཅན་ཚ་རྫོང་གིས་ཤང་དང་གྲོང་རྡལ7གྱི་སྡེ་བ30ཡི་དུད་ཚང251གི་མང་ཚོགས་དབུལ་པོ་946རི་ཆུ་འཛོམས་པ་དང་ཡུལ་ལྗོངས་མཛེས་པ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེ་བའི་བདེ་སྐྱིད་སྡེ་བ་རུ་གཅིག་སྡུད་ཀྱིས་བཀོད་སྒྲིག་བྱས་ཤིང་། 2019ལོར་བདེ་སྐྱིད་སྡེ་བས་ཡུལ་སྐོར་བ་མི་ཐེངས་ཁྲི་28ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི740ཟིན་པ་དང་མང་ཚོགས་ལ་ཁེ་སྤོགས་བགོ་བཤའ་སྒོར་ཁྲི་80ལྷག་ཙམ་ཐོབ་ཡོད་པས། གནས་སྤོས་མང་ཚོགས་རྣམས་རི་ཆུ་མཛེས་ལྗོངས་ཀྱི་ཡུལ་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ་རེད། 

བདེ་སྐྱིད་སྡེ་བའི་དོན་དངོས་དང་འཚམ་པའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་ཆེད། བདེ་སྐྱིད་སྡེ་བས་ས་ཞིང་བརྒྱུད་བཤུག་དང་བོགས་མར་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་དབུལ་པོར་སྡོང་ཕྲུག་དང་། བོད་ཇ་འདེབས་འཛུགས། ཞིང་ལས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལྟ་སྐོར་ཞིང་ལས་གླིང་འཛུགས་རྒྱུར་ཁྲིད་སྟོན་དང་རོགས་སྐྱོར་བྱས་པ་བརྒྱུད། གནས་སྤོར་མང་ཚོགས120ཡིས་སྡོང་ཕྲུག་འདེབས་གསོ་དང་། བོད་ཇ་འདེབས་འཛུགས་སོགས་བརྒྱུད་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི100ཡན་ཟིན་ཡོད་པ་དང་ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར7000ལ་སླེབས་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།