ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་མེ་གསོད་མེ་འགོག་དང་རིག་རྫས་བདེ་འཇགས་བྱ་བའི་ཡུལ་དངོས་ཚོགས་འདུ་ཐུན་རིན་གྲོང་ཁྱེར་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་བྱ་བའི་བརྗེ་རེས་ཚོགས་འདུར་མགོ་འཛིན་བྱས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དགོན་སྡེའི་མེ་གསོད་མེ་འགོག་དང་རིག་རྫས་བདེ་འཇགས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ལོ་རེར་ནོར་ཤུགས་དང་མི་ཤུགས་དངོས་ཤུགས་གང་མང་བཏོན་པ་དང་། མེ་གསོད་མེ་འགོག་བཟོ་སྐྲུན་དང་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དགོན་སྡེའི་མི་གསོད་མེ་འགོག་ཚོད་འཛིན་ནུས་ཤུགས་དང་ཆུ་ཚད་མཐོ་རུ་བཏང་། ཁོས་ནན་གྱིས་བསྟན་དོན། བོད་བརྒྱུད་ནང་བསྟན་དགོན་སྡེའི་མེ་གསོད་མེ་འགོག་དང་རིག་རྫས་བདེ་འཇགས་བྱ་བ་དེ་བཅོས་སྐྱོང་ནུས་ཤུགས་དང་། བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བྱས་ཏེ་དམ་འཛིན་བྱེད་པ་དང་། བསམ་བློའི་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས། དགོན་སྡེའི་མེ་གསོད་མེ་འགོག་བྱ་བའི་གལ་ཆེན་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངེས་ཤེས་གསལ་བོ་ཡོད་པ་དང་། དམིགས་འབེན་གསལ་བོས་དགོན་སྡེའི་མེ་གསོད་མེ་འགོག་དང་རིག་རྫས་བདེ་འཇགས་ཀྱི་ཉེན་ཁ་དང་འབུར་ཐོན་གནད་དོན་ཞི་འཇགས་སུ་བཏང་སྟེ། ཀུན་གྱི་སྟོབས་ཤུགས་དང་ཐབས་ཇུས་རྒྱུན་འཁྱོངས་ཀྱིས། དགོན་སྡེའི་མེ་གསོད་མེ་འགོག་དང་རིག་རྫས་བདེ་འཇགས་བཅོས་སྐྱོང་ནུས་ཤུགས་དང་བཅོས་སྐྱོང་ཆུ་ཚད་ཀྱི་འདུས་ཤུགས་གྲུབ་ཏུ་བཅུག་ནས། འཆམ་མཐུན་དང་འབྱོར་ཕྱུག དཔལ་ཡོན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཚོགས་འདུའི་སྐབས་སུ། ཚོགས་ཞུགས་མི་སྣ་རོང་བོ་དགོན་པར་ཡོང་ནས་ཡུལ་དངོས་ནས་གཟིགས་ཞིབ་གནང་། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་མེ་གསོད་མེ་འགོག་དང་རིག་རྫས་བདེ་འཇགས་བྱ་བའི་ཡུལ་དངོས་ཚོགས་འདུ་འཚོགས།