མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་ཐེངས་60པའི་གཞོན་འབྲིང་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་སློབ་མ་པད་མར་བསྐྱོད་དེ་གསར་བརྗེའི་སློབ་གསོ་དང་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ནས་ཚེས19ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་ཐེངས་60པའི་གཞོན་འབྲིང་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་བསྐྱོད་དེ་གུས་བཀུར་ཆེན་པོས་མཚོ་སྔོན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་རྟེན་གཞིར་གསར་བརྗེའི་སློབ་གསོ་དང་ལེན་བྱས།

ཉིན་འགའི་རིང་། སློབ་མ་ཚོས་མཚོ་སྔོན་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་རིག་གནས་ལོ་རྒྱུས་ཁང་དང་རྫོང་ཨུའི་ཏང་གི་སློབ་གྲྭ་རུ《ཀྲུང་གོ་མི་དམངས་ཀྱི་རེ་བ་འཁུར་པའི་རྒྱང་སྐྱོད-དམར་དམག་རྒྱང་སྐྱོད་ཀྱི་པད་མ་རྫོང་གི་གཏམ་རྒྱུད》དང《པད་མ་རྫོང་གི་ཉམས་མྱོང》སོགས་ཀྱི་ཆེད་དོན་སྙན་ཞུར་གསན། དམར་དམག་ཐང་ཆེན་དུ་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོའི་རྡོ་རིང་ལ་གཟིགས་ཤིང་མེ་ཏོག་ཆུན་པོ་ཕུལ་ཏེ་ཏང་ལ་ཞུགས་པའི་དམ་བཅའ་བསྐྱར་དྲན་གནང་། དམར་དམག་ལུང་བར་རྒྱང་སྐྱོད་ལམ་བུར་བསྐྱར་དུ་སྐྱོད་པ་དང་། དམར་དམག་ལུང་བ་དྲན་གསོ་ཁང་སོགས་གསར་བརྗེའི་རྗེས་ཤུལ་དུ་སོང་ནས་དམར་དམག་དམག་ཤོག་གཉིས་པ་དང་བཞི་པས་པད་མ་བརྒྱུད་སྐབས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཞིབ་མོར་ཉན། སྨར་ཁོག་གཙང་པོའི་ནགས་ལས་ཅུའུ་དང་པད་མ་རྫོང་གི་མདོག་གསུམ་དབུལ་སྐྱོར་ཐོན་ལས་གླིང་དུ་ཡུལ་དངོས་སློབ་ཁྲིད་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གངས་ལྗོངས་བོད་ཇ་འདེབས་འཛུགས་དང་བྲིན་ཚོང་སོགས་ཀྱི་ལས་དོན་ལ་སློབ་སྦྱོང་དང་བརྟག་ཞིབ་བྱས་ལ། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་སྤྲོ་སེམས་འཁོལ་བའི་ངང་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།