ཚའེ་ཏ་ཧྥིན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དགུ་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏ་ཧྥིན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། ཚེས་བཅུ་དྲུག་ཉིན། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་དང་འབྲེལ་ཡོད་ས་ཁུལ་གྱིས་སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། ཚའེ་ཏ་ཧྥིན་སོགས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ལ་སོང་ནས། དཔེ་མཛོད་ཁང་དང་རྟེན་མཛོད་གླིང་། རིག་གནས་ཁང་། གཞིས་ཁུལ། ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས། མང་ཚོགས་རིག་གནས་ལུས་རྩལ་བྱ་འགུལ་ལྟེ་གནས་སོགས་ཀྱི་སྤྱི་ཐུན་རིག་གནས་ཞབས་ཞུ་སྒྲིག་ཆས་ལ་ཡུལ་དངོས་ཞིབ་བཤེར་བྱས་པ་དང་། རང་ཞིང་གི་སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཚའེ་ཏ་ཧྥིན་གྱིས་མཚོ་སྔོན་གྱི་སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས། ཚའེ་ཏ་ཧྥིུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཐིན་རིག་གནས་ཞབས་ཞུ་བྱ་བའི་ཐད་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས། སྤྱི་ཐུན་རིག་གནས་ཞབས་ཞུ་བྱ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་ད་ང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཐུན་རིག་གནས་ཞབས་ཞུ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་རང་རྟོགས་སྒོས་ཁྲིམས་འཛུགས་དང་ཁྲིམས་འཛིན་ལག་ལེན་ཁྲོད་ལག་བསྟར་བྱེད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཐུན་རིག་གནས་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབ་པ། མི་དམངས་ཀྱི་རིག་གནས་ཁེ་དབང་མངོན་འགྱུར་དང་སྲུང་སྐྱོབ། འཕེལ་རྒྱས་སུ་བཏང་སྟེ། དུས་རབས་གསར་བའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་བ་གསར་བ་སྐོང་བའི་ཐད་སྔར་ལས་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚའེ་ཏ་ཧྥིན་གྱིས་ནན་གྱིས་བསྟན་དོན། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཐུན་རིག་གནས་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་དགོས། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་དེའི་ཁྲོད་ཞུགས་པ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ཤུགས་གྲུབ་པར་བྱས་ནས་སྤྱི་ཐུན་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་དགོས། ས་གནས་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པ་དང་། ཆ་སྡེབས་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ས་གནས་རིག་གནས་འཛུགས་སྐྲུན་དང་འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཐད་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་བྱ་བར་ཞིབ་བཤེར་མཛུབ་ཁྲིད་བྱས་པར་བཀད་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་དེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་བྱེད་པ་མཚོན་ལ། ང་ཚོས་ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཐུན་རིག་གནས་ཞབས་ཞུ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་དང་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏ་ཧྥིན་གྱི་གསུང་བཤད་ཀྱི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། ལྷག་པར་དུ་བྱ་བའི་ཁྲོད་གནས་པའི་ཞན་ཆ་དང་མི་འདང་ས། བར་ཆད་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པ། ཁྲིམས་ལྟར་འགན་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དངུལ་གཏོང་བྱེད་ཚད་ཆེ་རུ་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། འགན་སྲུང་བྱེད་ཐབས་སྣ་ཚོགས་ཇེ་དྲག་ཏུ་གཏོང་བ། སྤྱི་ཐུན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དབྱིན་ཧྥང་ལུང་གིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པའི་འགན་ཁུར་བ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཁྲིན་ཀོའི་མེན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀའོ་ཧོང་ཝེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཀྲིན་ཞའོ་ཞིན་དང་ཁུང་ཆིན་ཅུའུ་སོགས་ཁྲིམས་འཛིན་ཞིབ་བཤེར་ལ་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཀོང་རོང་དང་ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། དབྱང་ཀྲི་ཝུན།  ཀྲང་ཝུན་ཁུའེ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།