མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་དེ་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི“དྲ་གྲགས་ཡུལ་སྐོར་བྱེད་གནས”ཨང་གསུམ་པར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མི་དམངས་ཉིན་རེའི་ཚགས་པར་མི་དམངས་རིག་གནས་ཡུལ་སྐོར་ཞིབ་འཇུག་ཁང་གིས་ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཞིབ་འཇུག་ལྷན་ཚོགས་ཀྱི་དྲ་སྦྲེལ་དང་དཔལ་འབྱོར་གསར་བའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ནས་ཁྱབ་བསྒྲགས་བྱས་པའི《རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི“དྲ་གྲགས་ཡུལ་སྐོར་བྱེད་གནས”TOP20རིན་ཐང་འོས་སྦྱོར་མིང་ཐོའི》ནང་། མཚོ་སྔོན་ཞིང་ཆེན་གྱི་དྲ་གྲགས་མཛེས་ལྗོངས་ཁུལ་ཚྭ་ཁ་ཚྭ་མཚེའུ་ཡི་དོ་ཁུར་བྱེད་ཚད་དང་། མཚན་སྙན་གྲགས། ཆེད་མཁས་པའི་གདེང་འཇོག་བཅས་ཚང་མ་སྐར་གྲངས་མཐོན་པོ་ཐོབ་ནས་རྒྱལ་ཡོངས་རིག་གནས་ཡུལ་སྐོར་གྱི“དྲ་གྲགས་ཡུལ་སྐོར་བྱེད་གནས”རིན་ཐང་འོས་སྦྱོར་མིང་ཐོའི་ཨང་གསུམ་པར་སླེབས།

ཚྭ་ཁའི་ཚྭ་མཚེའུ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་དུ་ཆགས་ཤིང《རྒྱལ་ཁབ་ཡུལ་སྐོར་ས་ཁམས》དུས་དེབ་ཀྱིས“མི་ཚེ་གཅིག་རིང་སྐྱོད་དགོས་པའི་ས་ཆ55ཡི་གྲས་སུ་བདམས། མཛེས་ལྗོངས་ཁུལ་དེ2015ལོར་གསར་སྤེལ་འཛུགས་སྐྲུན་བྱས་པ་ནས་བཟུང་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་གྱིན་ཡོད། 2018ལོ་དང2019ལོའི་ལོ་གཉིས་ལ་བསྟུད་མར་ཡུལ་སྐོར་བ་མི་ཐེངས་ཁྲི300ལྷག་ལ་སྣེ་ལེན་བྱས། 2020ལོར་ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ཉམས་ལེན་རྣམ་གྲངས་སྣ་ཚོགས་དང་། སྤྲིན་དཔྱདVRཁང། འཆར་ཡན་གནམ་ཤེལ་ཁུལ། ཚྭ་རིག་གནས་ཁང་། ཚྭ་ཡི་བརྗོད་དོན་གཙོ་བོའི་སློབ་ཁང་སོགས་གསར་དུ་བསྣན་ནས་ཡུལ་སྐོར་བར་ཉམས་ལེན་སྣ་ཚོགས་བྱེད་དུ་བཅུག དེ་དང་ཆབས་ཅིག་དྲ་ཐོག་ཐད་གཏོང་དང་རྒྱལ་ནང་གི་ཡུལ་སྐོར་རིགས་ཀྱི་དྲ་གྲགས་མི་སྣ་མཛེས་ལྗོངས་ཁུལ་དུ་གདན་ཞུ་བྱས་པ་བརྒྱུད་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་བཀུག་ཅིང་། ཚྭ་ཁ་ཚྭ་མཚོ་དེ་མཚོ་སྔོན་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་གསར་བ་ཞིག་ཏུ་འགྱུར་བར་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།