མཚོ་སྔོན་ཞིང་ཆེན་གྱིས“ནུབ་རྒྱུད་ཀྱི་འོད་ཟེར”ཞེས་པའི་འཚམས་འདྲིའི་ཤེས་ལྡན་པ30ཞིང་ཆེན་གཞན་ལ་ཞིབ་འཇུག་ཟབ་སྦྱོང་བྱེད་པར་མངགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར། མཚོ་སྔོན་ཞིང་ཆེན་གྱིས་“ནུབ་རྒྱུད་ཀྱི་འོད་ཟེར་”ཞེས་པའི་འཚམས་འདྲིའི་ཤེས་ལྡན་པ30བདམས་ནས། རྒྱལ་ནང་གི་མཐོ་རིམ་སློབ་གྲྭ་གྲགས་ཅན་དང་ཚན་རིག་ཞིབ་འཇུག་ཁང་། སྨན་བཅོས་ལས་ཁུངས་བཅས་སུ་དུས་ཡུན་ལོ་གཅིག་གི་ནང་སློབ་སྦྱོང་དང་ཞིབ་འཇུག་ཟབ་སྦྱོང་བྱེད་པར་མངགས་པ་དང་། ཟླ9པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཤེས་ལྡན་པ་འདི་དག་ལ་ཟབ་སྦྱོང་ལ་མ་ཕྱིན་སྔོན་གྱི་གསོ་སྦྱོང་རྩ་འཛུགས་བྱས། 

གསོ་སྦྱོང་བྱེད་པའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་འཚམས་འདྲིའི་ཤེས་ལྡན་པར་འགན་འཁུར་ཕོད་པའི་སྣེ་ཁྲིད་དཔེ་སྟོན་པ་དང་ཆེད་ལས་ཁྱབ་ཁོངས་ཀྱི་“སྣེ་ཁྲིད་མཁན་”། བསམ་བློ་བརྗེ་རེས་དང་མཉམ་ལས་ཀྱི་“འབྲེལ་གཏུག་པ”། མཚོ་སྔོན་གྱི་གཟུགས་བརྙན་གྱི“མགྲིན་ཚབ་པ”ཡིས་དུས་རབས་གསར་པའི་ཚན་རིག་པའི་སྙིང་སྟོབས་རང་རྟོགས་ངང་ལག་བསྟར་དང་དར་སྤེལ་ཤུགས་ཆེན་གཏོང་བ། “འདུ་ཤེས་བཞི་”སྲ་བརྟན་དང་། “གདེང་ཚོད་བཞི་”བརྟན་འཇགས། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འདེམས་གཏོང་ལས་ཁུངས་ཀྱིས་འཚམས་འདྲིའི་ཤེས་ལྡན་པར་རྗེས་འདེད་དོ་དམ་དང་རྗེས་མཐུད་གསོ་སྐྱོང་རྒྱབ་སྐྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་།  ཞབས་ཞུའི་འགན་སྲུང་གཏིང་ཟབ་སྒོས་འདོན་སྤྲོད་བྱེད་པ། རྒྱུན་གཏན་གྱི་དོ་དམ་ནན་མོ་དང་དཔྱད་ཞིབ་གདེང་འཇོག་གཏིང་ཟབ་སྤེལ་བ། རྗེས་མཐུད་ཀྱི་རྒྱབ་སྐྱོར་གཏིང་ཟབ་བཅས་བྱས་ཏེ་ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་ཀྱིས། “ནུབ་རྒྱུད་ཀྱི་འོད་ཟེར་”ཞེས་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྣམ་གྲངས་འདི་སྲུང་སྐྱོང་དང་རྒྱུན་འཛིན་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།