《མཚོ་སྔོན·ང་ཚོའི་རྒྱལ་ཁབ་སྤྱི་གླིང》དང་《སྤྲིན་དཀར་རྟོལ་བའི་གཞིས་ཁྱིམ་》ཞེས་པའི་དངོས་བཤུས་གློག་བརྙན་འོས་སྦྱོར་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས17ཉིན། 《མཚོ་སྔོན·ང་ཚོའི་རྒྱལ་ཁབ་སྤྱི་གླིང》དང་། 《སྤྲིན་དཀར་རྟོལ་བའི་གཞིས་ཁྱིམ》ཞེས་པའི་དངོས་བཤུས་གློག་བརྙན་འོས་སྦྱོར་བྱེད་སྒོ་ཟི་ལིང་དུ་སྤེལ་བ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥིན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་ལ། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཡིས་ཧྲང་ཧའེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་བཤུས་འཕྲིན་ལམ་སྟེང་། “གློག་བརྙན་དང་བརྙན་འཕྲིན་གསར་རྩོམ་མཉམ་འབྲེལ་ཚོགས་པར”གཟི་བརྗིད་དཔང་ཡིག་སྤྲད་པ་རེད།

ཁྲིན་རོས་ཧྥིན་གྱིས《མཚོ་སྔོན·ང་ཚོའི་རྒྱལ་ཁབ་སྤྱི་གླིང》གིས་ཕྱོགས་ཡོངས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་འཇགས་སུ་གཏོང་བ་བཅས་ཀྱི་གསོན་ཉམས་དོད་པའི་དོན་དངོས་ཀྱི་ལག་ལེན་མངོན་ཡོད་པ་མ་ཟད། མཚོ་སྔོན་གྱི་རི་ཆུའི་མཛེས་སྡུག་དང་སྐྱེ་ཁམས་མཛེས་སྡུག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྣང་བརྙན་མངོན་ཡོད། 《སྤྲིན་དཀར་རྟོལ་བའི་གཞིས་ཁྱིམ》ཞེས་པ་ནི་བབ་ཆགས་དང་བཟོད་བསྲན། སྤྲོ་སྣང་ལྡན་པ་བཅས་ཀྱི་ས་མཐོའི་འབྲོག་པའི་ངལ་རྩོལ་གྱི་སྙིང་སྟོབས་བརྗོད་གཞིར་བཟུང་ནས། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་དབུལ་ཐར་འགག་སྒྲོལ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད། དངོས་བཤུས་གློག་བརྙན་གཉིས་ཀྱི་བརྗོད་དོན་འབུར་དུ་ཐོན་པ་དང་། ཟུར་ཚད་ལ་ཁྱད་ཆོས་ལྡན་པ། བརྙན་རིས་མཛེས་པ། ཡིད་དབང་འཕྲོག་པ་བཅས་ཀྱི་སྒྱུ་རྩལ་ལོངས་སྤྱོད་ཁྲོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་དོན་གྱི་བདེན་པའི་སྟོབས་ཤུགས་དང་ལག་ལེན་དངོས་ཀྱི་རླབས་ཆེའི་སྟོབས་ཤུགས་ཚོར་ཐུབ་པ་བྱས་ཡོད་ལ། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁར་ཕུ་ཐག་གཅོད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་བརྟན་པོ་དང་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་པར་བྱས་ཡོད་པས། བསམ་བློའི་རང་བཞིན་དང་། ལྟད་མོའི་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་ལྡན་པའི་བརྩམས་ཆོས་སྤུས་དག་ཅིག་རེད་ཅེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།