མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བདུན་པས་སྐོར་ཞིབ་བྱ་ཡུལ་གྱི་ས་ཁུལ་དང་སྡེ་ཁག་ལ་མི་འདེམས་མི་སྤྱོད་ཆེད་དོན་ཞིབ་བཤེར་གནས་ཚུལ་གྱི་ལྡོག་ལན་བསྐྱོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཀའི་བཀོད་སྒྲིག་དང་ཟུང་འབྲེལ་སྒོས།  སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བདུན་པས་སྐོར་ཞིབ་བྱ་ཡུལ་ཏེ་ཟི་ལིང་གྲོང་ཁྱེར། ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་དམག་ཁོངས་ལས་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་མི་དམངས་མཁའ་སྲུང་གཞུང་ལས་ཁང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ། མིན་ཡོན་རྫོང་བཅས་ས་ཁུལ་དང་སྡེ་ཁག15ཡི་ཏང་ཨུ(ཏང་ཙུའུ)ལ་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་གནས་ཚུལ་གྱི་ལྡོག་ལན་བསྐྱོན་པར་མ་ཟད། ཞིབ་བཤེར་ལས་ཐོན་པའི་གནད་དོན་ལ་དམིགས་ནས་བཅོས་སྒྲིག་གི་བླང་བྱ་བཏོན། 

ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་སྐོར་ཞིབ་བྱ་ཡུལ་གྱི་ས་ཁུལ་དང་སྡེ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོར་ལས་བྱེད་པ་འདེམས་སྤྱོད་ཀྱི་གོ་རིམ་ལག་བསྟར་དང་། ལས་བྱེད་པའི་ལས་ཀའི་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར། ལས་བྱེད་པའི་དཔུང་སྡེའི་གྲུབ་ཚུལ་ལེགས་བསྒྱུར། ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ། མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུ་སོགས་ཕྱོགས་6གི་ཐད་ཀྱི་གནད་དོན34ལ་ལྡོག་ལན་བསྐྱོན། སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་སྡེ་ཁག་ལ་གནས་པའི་གནད་དོན་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་དག་ཐེར་ཡོ་བསྲང་གི་བསམ་འཆར་དང་གྲོས་འགོ་བཏོན། 

སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་སྡེ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་ལྡོག་འདྲེན་བསམ་འཆར་ལ་མིང་རྟགས་བཀོད་དེ་རྩིས་ལེན་བྱས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་ལས་ཐོན་པའི་གནད་དོན་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཞན་ཆ་ཁ་གསབ་དང་སྐྱོན་ཆ་ལེགས་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པའི་མི་དོན་སྲིད་ཇུས་ཀྱི་སློབ་སྦྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་ལས་བྱེད་པ་འདེམས་བསྐོའི་གོ་རིམ་ཚད་ལྡན་དུ་བཏང་ནས་མི་འདེམས་མི་སྤྱོད་ཀྱི་ལས་ཀའི་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།