མཚོ་སྔོན་ཞིང་ཆེན་གྱི་རྟེན་གཞི་4དེ་2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་རྟེན་གཞིར་ངོས་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་གསར་གཏོད་རྟེན་གཞིའི་ཚན་རིག་ཁྱབ་གདལ་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཚན་རིག་ཁྱབ་གདལ་གྱི་ནུས་ཤུགས་མཐོ་རུ་གཏོང་བ་དང་། སྤྱི་བའི་ཚན་རིག་རིག་གནས་སྤུས་ཚད་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཚན་རིག་ཁྱབ་གདལ་རྟེན་གཞིའི་ངོས་ལེན་དང་དོ་དམ་བྱ་ཐབས་ལྟར། མཚོ་སྔོན་ཞིང་ཆེན་ས་ཁམས་རིག་པའི་ཚན་རིག་ཁྱབ་གདལ་རྟེན་གཞི་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རྩལ་ཚན་རིག་ཞིབ་འཇུག་ཁྱབ་གདལ་རྟེན་གཞི། སྐར་མ་མིག་དམར་ཞིབ་འཇུག་ལག་ལེན་ཚན་རིག་ཞིབ་འཇུག་ཁྱབ་གདལ་རྟེན་གཞི། མཐོ་སྒང་ཞིང་ལས་འདེབས་འཛུགས་ཐོན་ཁུངས་ཚན་རིག་ཞིབ་འཇུག་ཁྱབ་གདལ་རྟེན་གཞི་བཅས་རྟེན་གཞི4དེ2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་རྟེན་གཞིར་ངོས་ལེན་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།