གནའ་གྲོང་དང་གནའ་བོའི་ལག་རྩལ་གྱི་གཙགས་དྲུབ་ལས་སྣོན་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་གྱི་གཙགས་དྲུབ་ཟོང་རྟགས་མཐོར་འདེགས་གསར་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དམངས་ཁྲོད་སྲོལ་རྒྱུན་གཙགས་དྲུབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་ནས། ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་དམངས་ཁྲོད་སྲོལ་རྒྱུན་གཙགས་དྲུབ་ལས་གཞི་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཏེ། གཙགས་དྲུབ་ཀྱི་རྒྱུན་འཛིན་པའི་སྟོབས་ཤུགས་གསོ་སྐྱོང་བྱེད་པ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་འཛུགས་སྐྲུན་ལ་ཤུགས་བསྣོན་ཆེད། ཟླ9བའི་ཚེས12ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཕིན་ཅ་ཀྲའེ་གྲོང་རྡལ་ལིག་ཅ་ཀྲའེ་སྡེ་བས་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་དང་གནའ་གྲོང་དང་གནའ་བོའི་ལག་རྩལ་གྱི་གཙགས་དྲུབ་ལས་སྣོན་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས།

ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཐོང་ཆེན་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱི་འབད་བརྩོན་འོག  མཚོ་སྔོན་གྱི་གཙགས་དྲུབ་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་ཐད་ཕན་འབྲས་མངོན་གསལ་བླངས། ལིག་ཅ་ཀྲའེ་སྡེ་བས་དོན་དངོས་དང་ཟུང་འབྲེལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ངོས་ལེན་གྱི་རྣམ་པས། རྒྱུན་འཛིན་པའི་དཔུང་ཁག་གསོ་སྐྱོང་བྱས་པའི་དུས་མཚུངས་སུ། ལིག་ཅ་ཀྲའེ་སྡེ་བའི་ཞིང་སྡེ་དར་རྒྱས་དང་ཞིང་བའི་ཡོང་སྒོ་འཕར་བར་རོགས་འདེགས་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།