ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་དུ་ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ་ཐང་ཧྥུའུ་ཕིན་འཁོར་དང་བཅས་པར་མཇལ་འཕྲད་གནང་།
ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཚབ་བྱས་ཏེ་ཐང་ཧྥུའུ་ཕིན་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱིས་འཛམ་གླིང་གི་ལྕགས་རིགས་གཏེར་ཁུངས་ཁེ་ལས་སྡེ་ཚོགས་ཕུགས་འདུན་དུ་བྱས་ནས། ཐོན་ཁུངས་འགན་སྲུང་སྟོབས་ཤུགས་སུ་བྱེད་པ་དང་ །ལྕགས་རིགས་བཙོ་སྦྱངས་ཀྱི་རྒྱལ་ཁབ་རུ་ཁག་འཛུགས་པ། ཐོན་ལས་ཕྱོགས་བསྡུས་ཀྱིས་ཚོང་ལས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱིས། རྒྱལ་ཁབ་ཐོན་ཁུངས་བདེ་འཇགས་འགན་སྲུང་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་པའི་དུས་མཚུངས་སུ། སྤྱི་ཚོགས་འགན་འཁྲི་ལག་བསྟར་དང་། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད། ཞིང་སྡེ་དར་རྒྱས་སོགས་ཀྱི་བྱ་བ་མང་པོ་སྒྲུབ་པར་རོགས་འདེགས་བྱས། དེང་སྐབས། མཚོ་སྔོན་གྱིས་ཀྲུང་དབྱང་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། རེ་བར་ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱིས་མཉམ་ལས་ཀྱི་གྲུབ་འབྲས་རྨང་གཞིའི་སྟེང་། ལག་རྩལ་དང་འཇོན་མི། མ་དངུལ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། མཚོ་སྔོན་དུ་དངུལ་གཏོང་གི་ཤུགས་ཙད་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱིས་སྔར་བཞིན་ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱིས་མཚོ་སྔོན་དུ་དངུལ་གཏོང་འཕེལ་རྒྱས་ཐད་ཞབས་ཞུ་དང་། ཁོར་ཡུག་གསར་གཏོད་བྱས་ཏེ་མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ཡིན་ཚུལ་བསྟན།
ཐང་ཧྥུའུ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱིས་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་རྗེས། ཐང་ཧྥུའུ་ཕིན་གྱིས་རེ་བར་ཕྱོགས་གཉིས་ཀྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣོན་དང་། ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་བྱེད་པར་མཉམ་འདྲེས་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་ཡིན་ཚུལ་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཞིན་ཁྲང་ཞིང་གིས་ཀྲུང་གོའི་གཏེར་ཁུངས་ལྔ་བའི་སྡེ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཐང་ཧྥུའུ་ཕིན་དང་མཇལ་འཕྲད་གནང་།