མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་གསར་བའི་སློབ་ཁྲིད་ཀྱི་རྒྱལ་སྲུང་སློབ་གསོའི་ཆེད་དོན་སྙན་ཞུ་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས15ཉིན། མཚོ་སྔོན་གསར་བའི་སློབ་ཁྲིད་ཀྱི་རྒྱལ་སྲུང་སློབ་གསོའི་ཆེད་དོན་སྙན་ཞུ་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིག་ཀུ་ཕིན་གྱིས་ཆེད་དོན་སྙན་ཞུ་ཕུལ། སྙན་ཞུ་ཚོགས་པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་དང་། ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ། ཞིང་ཆེན་རྒྱལ་སྲུང་སློབ་གསོ་གཞུང་སྒྲུབ་ཁང་གིས་འགན་སྒྲུབ་གནང་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་ཀྱི་ལས་བྱེད་པ་500ལྷག་གིས་སྙན་ཞུར་ཉན།  

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཐེངས་འདིའི་བརྗོད་དོན་སྙན་ཞུ་ཚོགས་ཆེན་གོ་སྐབས་སུ་བཟུང་ནས། རྒྱལ་སྲུང་སློབ་གསོ་དེ་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་ཁྲོད་བཞག་སྟེ། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་པུའུ་གཏོགས་ལས་དོན་དང་ཁེ་ལས་ལས་ཁུངས་ཀྱི་མགོ་ཁྲིད་རྩ་འཛུགས་བྱས་ཏེ་དེའི་ཁྲོད་དུ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་ཁྲིན་རོས་ཧྥུན་སྙན་ཞུ་ཚོགས་ཆེན་སྟེང་ཞུགས། 

སྙན་ཞུ་ཚོགས་ཆེན་སྟེང་། ལིག་ཀུ་ཕིན་གྱིས་རྒྱལ་སྤྱིའི་ཁ་ཚའི་གནད་དོན་དང་རང་རྒྱལ་ཉེ་འཁོར་གྱི་བདེ་འཇགས་གནས་བབ་དང་འབྲེལ་ཏེ། རང་རྒྱལ་གྱི་ཕྱིའི་ཁོར་ཡུག་གི་འགྱུར་བ་དང་རྒྱལ་སྲུང་འཛུགས་སྐྲུན་འཕེལ་རྒྱས་ལ་འཕྲད་པའི་གནས་ཚུལ་གསར་བ་དང་གནད་དོན། འགྲན་རྩོད་བཅས་ལ་དབྱེ་ཞིབ་བྱས་ནས། ཏང་ཡོན་ལས་བྱེད་པས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་རྙོག་འཛིང་གི་གནས་བབ་དང་འགྲན་རྩོད་ལ་ངེས་ཤེས་ཆགས་པར་སྣེ་ཁྲིད་དེ། ཉེན་ཁའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། རྒྱལ་སྲུང་འཛུགས་སྐྲུན་མི་རེ་རེར་འགན་འཁྲི་ཡོད་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། རྒྱལ་སྲུང་ལ་སེམས་ཁུར་དང་རྒྱལ་སྲུང་ལ་དགའ་བ། རྒྱལ་སྲུང་འཛུགས་སྐྲུན་དང་། རྒྱལ་སྲུང་ལ་སྲུང་སྐྱོབ་བྱེད་པའི་བསམ་བློ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཐད་ནས་དབྱེ་ཞིབ་བྱས།  

ཚོགས་འདུའི་རྗེས་སུ། ཚང་མས་རང་གི་ལས་གནས་བྱ་བ་དང་འབྲེལ་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་བསམ་བློར་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། རྒྱལ་སྲུང་གཞུང་ལུགས་དང་རྒྱལ་སྲུང་ཤེས་བྱ། རྒྱལ་སྲུང་ཁྲིམས་སྲོལ་སློབ་སྦྱོང་ལ་ཤུགས་བསྣན་ཏེ། འདུ་ཤེས་བཞི་ཇེ་དྲག་དང་། ཡིད་ཆེས་བཞི་སྲ་བརྟན་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བྱས་ནས། རྒྱལ་སྲུང་ལས་འགན་གྱི་སྣེ་ཁྲིད་དེ། རྒྱལ་སྲུང་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས་པའི་འདོད་ཚུལ་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།