ཏང་གི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་ཁྲིན་རོས་ཧྥིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་པོད་གསུམ་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉའོ་ཁྲིན་ཡུན་རྟོག་ཞིབ་ཁྲོད་ཞུགས། 

ཧུའུ་ཀྲུའུ་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་ཏུང་ཅའེ་གཞིས་ཁུལ་དུ། ཁྲིན་རོས་ཧྥིན་གྱིས་ཡུལ་དངོས་ནས་གཞུང་ལུགས་གསར་གཏོད་སློབ་སྦྱོང་དྲིལ་སྒྲོག་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། ཏན་ཏིག་གིས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་པོད་གསུམ་པར་སློབ་སྦྱོང་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་དང་། མི་དམངས་ལ་སློབ་གསོ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས། མང་ཚོགས་ཀྱི་སྒྲོག་བཤད་ཚོགས་པ་དང་དང་བླངས་དཔུང་ཁག ཤང་སྡེའི་འཇོན་མི་སོགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་སྐད་ཆ་དང་ཉེ་འགྲམ་གྱི་མ་དཔེ་ཀྱིས་གཞུང་ལུགས་དྲིལ་སྒྲོག་ཁྱབ་གདལ་བྱས་ནས། གཞུང་ལུགས་ཞིབ་འཇུག་འགྲེལ་བརྗོད་ཞིབ་མོ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཏིང་ཟབ་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཧུའུ་ཀྲུའུ་རྫོང་མཁར་གྱི་གཙོ་གནད་ལམ་མཚམས་སུ། ཁྲིན་རོས་ཧྥིན་གྱིས་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་བ་དང་། མཁར་གྲོང་གི་ཁོར་ཡུག་ལེགས་བཅོས་མཐོར་འདེགས་གནས་ཚུལ་ལ་རྒྱུས་ལོན་བྱས།ཁོས་བསྟན་དོན། གཙོ་གནད་ཁྱབ་ཁོངས་འབུར་ཐོན་དུ་བྱེད་པ་དང་། གནད་དོན་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་ཀྱིས། དམིགས་འབེན་ལ་གཏད་དེ། ཞིབ་ཚགས་སུ་གཏོང་བར་ཤུགས་བསྣན་ནས་མང་ཚོགས་ལ་བསམ་པའི་དཔལ་ཡོན་གསར་སྐྲུན་ཁྲོད་བདེ་སྐྱིད་དང་གྲུབ་འབྲས་ཀྱི་མྱོང་བ་ཐོབ་པར་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།