ཟླ་9བའི་ཚེས22ནས་ཚེས་25ཉིན་ང་ཚོ་མཚོ་ཤར་དུ་མཇལ་ཡོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་15ཉིན། གསར་འགོད་པས་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་དང་མཚོ་སྔོན་སྐབས་ལྔ་བའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་ཆེན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་ཆེན་གྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་འབྱོར་འབྲིང་བསུ་བ། དར་རྒྱས་སྐུལ་བ་བརྗོད་དོན་དུ་བཟུང་ཞིང་། ཟླ་9བའི་ཚེས22ཉིན་ནས་ཚེས25ཉིན་བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཁུལ་ཧྥུའུ་ཞིའི་ཐོན་ལས་གླིང་དུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲེམ་སྟོན་ཚོགས་ཆེན་གྱིས་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་བསུ་བ་དང་། མཚོ་སྔོན་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་ཆེན། ཙོང་ཆུའི་དམངས་སྲོལ་རིག་གནས་མྱོང་རོལ་གྱི་རྣམ་པ་སྤྱད་དེ། མཚོ་ཤར་གྲོང་ཁྱེར་གྱི་རྫ་ཆས་ཕ་ཡུལ་དང་། ཕྱེ་ཐུག གཙགས་དྲུབ་ཀྱི་འབྱུང་ཡུལ། རབ་མཛེས་མཚོ་ཤར། མི་ཚུལ་ལི་ཏུའུ། ཚོན་ལྡན་ཧུའུ་ཀྲུའུ། ཡིད་འོང་མིན་ཧོ། རི་ཆུའི་དཔའ་ལུང་།ཚོས་མདོག་ཞོན་ཧྭའི་ས་གཤིས་རིག་གནས་མིང་བྱང་འབུར་ཏུ་བཏོད་རྒྱུ་རེད། མཚོ་ཤར་གྱི་ཞིང་ལས་ལག་རྩལ་དང་ཞིབ་འཇུག བཟོ་རྩལ། ཐོན་རྫས། ཐོན་ལས་གསར་བ་འགྲེམ་སྟོན་བྱས་ཏེ། མཚོ་ཤར་གྱི་ཁྱད་ལྡན་ཞིང་ལས་དང་། ཞིང་ལས་ཐོན་རྫས་ཟོང་རྟགས། དམངས་སྲོལ་རིག་གནས་སོགས་ཞིང་སྡེའི་ཐོན་ཁུངས་དང་མཁར་གྲོང་གི་ཚོང་ར་མཐུད་སྦྲེལ་བྱས་ཏེ། ཞིང་སྡེའི་ཐོན་ལས་སྣེ་ཁྲིད་་པ་དང་ཞིང་སྡེའི་རིན་ཐང་མངོན་འགྱུར་གྱིས། ཞིང་སྡེ་དར་རྒྱས་ལ་རོགས་འདེགས་བྱེད་པ་དམིགས་ཡུལ་དུ་བཟུང་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།