མཚོ་སྔོན་ཞིང་ཆེན་གྱིས2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་དངུལ་སྤྲོད་ལས་དོན་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་མཉམ་འབྲེལ་ཐོག《2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་དངུལ་སྤྲོད་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་པ་དང་བཀྲམས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་བསྟན།   

ཤེས་རྟོགས་བྱུང་བ་ལྟར་ན། 2021ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་མི་རེར་སྒོར314ལྟར་བསྡུ་རྒྱུ་རེད།  

ཟླ9པའི་ཚེས15ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་པའི་ལས་དོན་ཡག་པོར་སྒྲུབ་ཆེད། འགན་ལེན་བྱ་དགོས་རིགས་འགན་ལེན་གང་ཐུབ་བྱས་པ་དང་ཐེབས་རྩ་བསྡུ་དགོས་རིགས་བསྡུ་གང་ཐུབ་བྱས་ནས། “ནད་ཀྱིས་དབུལ་པོར་གྱུར་བ་དང་ནད་ཀྱིས་སླར་ཡང་དབུལ་པོར་འགྱུར་བ་”སྔོན་འགོག་བྱ་རྒྱུ་རེད།  མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྨན་བཅོས་འགན་བཅོལ་དང་ཁྲལ་དོན་སྡེ་ཁག་གི་སྒྲུབ་གཉེར་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཅིང་། བསྡུ་ལེན་དོ་དམ་གྱི་འགན་འཁྲི་གཞན་སྒྱུར་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་བྱས་པ་དང་། ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་པའི་ཐབས་ལམ་ཤར་བགྲོད་ཐུབ་བྱས་ལ། ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ནས་དམངས་ཕན་དང་ཕན་འབྲས་མཐོ་བའི་ངང་གྲོན་དངུལ་བསྡུ་ལེན་གྱི་ལས་དོན་ནན་འཛིན་བྱས་ཏེ་མང་ཚོགས་དུས་ཐོག་ཏུ་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་ཐུབ་པར་འགན་ལེན་བྱེད་དགོས། སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས་ཤིང་། དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་དང་དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེར་བཏང་ནས་སྲིད་ཇུས་གསལ་འགྲེལ་ཡག་པོ་བྱེད་དགོས་ལ། སྔོན་དཔག་ཁྲིད་སྟོན་ལུགས་མཐུན་བྱས་ནས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བསྐྱོན་ཏེ། མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ཤེས་རྟོགས་བྱས་ནས་མང་ཚོགས་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་པར་སྐུལ་སློང་གང་ལེགས་བྱེད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།