མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལ་གྲུབ་འབྲས་གསར་བ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་ལ་ཤེས་རྟོགས་བྱེད་པ་དང་། ཐོན་ཁུངས་ཀྱི་དབྱེ་མཚམས་ཁ་གསལ་བཟོས་ཏེ་ཐོན་ཁུངས་ཀྱི་རྣམ་གྲངས་གསལ་པོར་དབྱེ་ནས་ཐོན་ཁུངས་ཀྱི་དོ་དམ་བརྟན་བརླིང་ཡོང་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་ཞིང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད། 

མིག་སྔའི་བར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཕྱི་རྣམ་བརྟག་དཔྱད་ཚན་པ་རྩ་འཛུགས་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་དཔྱད་གཞི་འཚོལ་བསྡུ་དང་དབྱེ་ཞིབ། ཕྱི་རོལ་ཡུལ་དངོས་བརྟག་དཔྱད། ཚན་རིག་དང་མཐུན་པའི་གདེང་འཇོག ཕྱོགས་བསྡུས་ཞིབ་འཇུག་བཅས་བྱས་པ་བརྒྱུད་ཧོང་ཀྲུང་རྫོང་དང་གཅན་ཚ་རྫོང་སྟེ་ཚོད་ལྟའི་རྫོང(ཆུས)གཉིས་ཀྱི་ཡོངས་བཤེར་ལས་དོན་ལེགས་པར་གྲུབ། དེའི་ནང་ཧོང་ཀྲུང་དུ་ཐོན་ཁུངས་ཁག330ལ་ཡོངས་བཤེར་བྱས་ཤིང་ཐོན་ཁུངས་གསར་བ37རྙེད། གཅན་ཚ་རྫོང་དུ་ཐོན་ཁུངས་ཁག305ཡོངས་བཤེར་བྱས་ཤིང་ཐོན་ཁུངས་གསར་བ21རྙེད། གསར་དུ་རྙེད་པའི་ཐོན་ཁུངས་རྐྱང་པས་བརྟག་དཔྱད་བསྡོམས་འབོར་གྱི9%ཟིན་པ་དང་། གསར་རྙེད་ཐོན་ཁུངས་རྐྱང་པ་ཁག་ཅིག་གིས་ཚོད་ལྟའི་རྫོང(ཆུས)གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་སྟོང་ཆ་གསབ་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་གྱིས་ཚོད་ལྟའི་རྫོང(ཆུས)གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་བྱུང་པ་མ་ཟད། ཚོད་ལྟའི་རྫོང(ཆུས)གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་རྣམ་གྲངས་དང་ཁྱད་གཤིས། སྲུང་སྐྱོབ་གནས་བབ་དང་རིན་ཐང་སོགས་ལ་ཤེས་རྟོགས་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལས་དོན་གྱི་སྒྲིག་སྲོལ་ར་སྤྲོད་དང་འཐུས་ཚང་དུ་བཏང་ཡོད། དུས་མཚུངས་སུ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་ཕྱི་རྣམ་བརྟག་དཔྱད་ཐད་དཔྱད་གཞིར་འཛིན་ཆོག་ཅིང་འདྲ་བཟོ་བྱེད་ཆོག་ལ། ཁྱབ་གདལ་གཏོང་ཆོག་པའི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་འཚོལ་ཞིབ་བྱས་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།