རྒྱས་བཟང་བསོད་ནམས་དར་རྒྱས་བགྲོངས་མཁན་གྱི་ཉེས་ཅན་གཅིག་འཛིན་བཟུང་བྱས་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས14ཉིན། “མཚོ་སྔོན་སྤྱི་བདེ”སྐད་འཕྲིན་སྤྱི་སྟེགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། 1994ལོའི་ཟླ1ཚེས18ཉིན། “ཁོར་སྲུང་དཔའ་བོ”རྒྱས་བཟང་བསོད་ནམས་དར་རྒྱས་ལགས་ཀྱིས་རྔོན་རྒྱག་མི་སྣ་དང་འཐབ་ནས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་དང་། ཉེས་ཅན་མི་སྣ་མང་བོ་ཞིག་ད་ལྟའི་བར་བྲོས་བྱོལ་བྱས་ཡོད་པ་རེད། ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་མི་སྣ་དེ་དག་འཛིན་བཟུང་བྱེད་པའི་གོམ་སྟབས་ལྷོད་མེད་པ་དང་། ལྷག་པར་དུ་སྤྱི་བདེ་པུའུ་ཡིས2020འཛིན་བཟུང་བྱ་འགུལ་སྤེལ་བའི་ཚུན། ཡུས་ཧྲུའུ་ཁུལ་སྤྱི་བདེ་ཏང་ཨུ་ཡིས་མགོ་མཇུག་བར་གསུམ་དུ“མི་གསོད་གྱོད་གཞི་གཙང་བཤེར”དང“བྲོས་བྱོལ་མི་སྣ་འཛིན་བཟུང”བྱེད་པ་དམིགས་འབེན་དུ་བཟུང་ནས། ལོ་རེ་རེའི་མི་གསོད་གྱོན་དོན་གྱི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་ལེགས་བསྒྲིགས་བྱས་རྗེས། མྱུལ་ཞིབ་སྟོབས་ཤུགས་དང་མྱུལ་ཞིབ་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཉེ་སྔོན་བྲོས་བྱོལ་མི་སྣ་གཅིག་བདེ་ལེགས་ངང་འཛིན་བཟུང་བྱས་འདུག

མིག་སྔར། ཉེ་བསོགས་མི་སྣ་མཱ་ཆེ་གེ་མོར་ཁྲིམས་ལྟར་ཉེས་དོན་བཙན་ཐབས་སྤྱད་ཡོད་པ་དང་། གྱོད་གཞི་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཐག་གཅོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།