སྐྱེ་ཁམས་ཁོར་སྲུང་བརྗོད་དོན་གྱི་བརྙན་ལེན་བྱ་འགུལ་མཚོ་སྔོན་དུ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས13ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཀྲུང་གོ་གསར་འགྱུར་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་མཛེས་པའི་ཀྲུང་གོ  ང་ནི་འགུལ་བསྐྱོད་པ་ཡིན་ཞེས་པའི་སྐྱེ་ཁམས་ཁོར་སྲུང་བརྗོད་དོན་ཡིན་པའི་བརྙན་ལེན་བྱ་འགུལ་མཚོ་སྔོན་དུ་འགོ་བརྩམས། བྱ་འགུལ་ཟླ་འདིའི་ཚེས་20ཉིན་མཇུག་སྒྲིལ་རྒྱུ་རེད། 

ཐེངས་འདིའི་བྱ་འགུལ་ལ་ཀྲུང་དབྱང་སྨྱན་བྱད་དང་སྨྱན་བྱད་ལས་ཁུངས་གཙོ་བོའི་བརྙན་ལེན་པུའུ་ཡི་ཀྲུའུ་རིན་དང་། མིང་དུ་གྲགས་པའི་མཛེས་ལྗོངས་གནས་སྐོར་བརྙན་ལེན་པ། གནས་སྐོར་དུས་དེབ་ཀྱི་གཙོ་སྒྲིག་པ། བརྙན་ལེན་གསར་འགོད་པ10ལྷག་གདན་དྲངས་ཤིང་། ཚན་ཆུང་གཉིས་སུ་བགོས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་གཅིག་བསྡུས་སྒོས་བྱ་འགུལ་སྤེལ་རྒྱུ་རེད། དེའི་ཁྲོད་ཚན་ཆུང་དང་པོ་ཟི་ལིང་གྲོང་ཁྱེར་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ཆི་ལེན། རྐང་ཚ། ཧེ་ཡན་རྫོང་སོགས་སུ་སོང་ནས་བརྙན་ལེན་བྱེད་པ་དང་། ཚན་ཆུང་གཉིས་པ་ཁྲི་ཀ་དང་གུང་ཧོ། སྟོང་སྐོར། ཚྭ་ཁའི་ཚྭ་མཚོ་སོགས་སུ་སོང་ནས་བརྙན་ལེན་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། བརྙན་ལེན་འཕྲུལ་ཆས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་སྲུང་ལས་དོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་པའི་ཕན་འབྲས་ཟིན་ཐོར་བཀོད་པ་དང་། ས་གནས་སྤྱི་ཚོགས་ལས་རིགས་ཁག་སོ་སོས་སྐྱེ་ཁམས་དཔལ་ཡོན་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།