མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཞིབ་འཇུག་དང་གཏན་འབེབས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས《མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ལག་བསྟར་བྱེད་པའི་སྐོར་གྱི་ཞིབ་ཕྲའི་བྱེད་ཐབས》ཞེས་པ་ཞིབ་འཇུག་གཏན་འབེབས་བྱས་ཤིང་། དེའི་དམིགས་ཡུལ་ནི་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྟོབས་ཤུགས་སྡེབ་སྒྲིག་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གཞི་གཅིག་ཅན་གྱི་དོ་དམ་རྣམ་པ་ཞིག་ཆགས་པར་བྱས་ནས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སྔར་བས་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན་པ་རེད།

གོང་གསལ་གྱི་ཞིབ་ཕྲའི་བྱེད་ཐབས་ལ་ཁྱོན་དོན་ཚན10ཡོད་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་རྣམ་གྲངས་མཉམ་ལས། འབྲེལ་གཏུག་ཞབས་ཞུའི་སྒྲིག་གཞི་སོགས་ཕྱོགས3ཚུད་ཡོད་ལ། གཅིག་གྱུར་གྱིས་འཆར་འགོད་དང་དོ་དམ་བྱ་རྒྱུ་དེ་རྐང་འཛུགས་ས་བྱས་ནས། ལས་བྱེད་པ་དང་ཤེས་ལྡན་མི་སྣ་མཐུན་སྦྱོར་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ་རེད། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱི་རྩ་འཛུགས་ལས་དོན་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་དང་། ཕྱོགས་གཉིས་ཀར་ལས་ཁྱེར་སྦྱོང་བརྡར་བྱེད་པར་སྐུལ་འདེད། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ལག་བསྟར་བཅས་བྱེད་དགོས། ཐུན་མོང་མཉམ་ལས་བྱ་རྒྱུ་དེ་གནད་འགག་ལ་བརྩིས་ནས་རྣམ་གྲངས་མཉམ་ལས་སྒྲིག་གཞི་འཛུགས་པར་འཚོལ་ཞིབ་བྱེད་པ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་འགན་ནུས་སྡེ་ཁག་དང་མཐོ་རིམ་སློབ་གྲྭ། ཁེ་ལས། ཚན་རིག་ཞིབ་འཇུག་ཁང་བཅས་དང་མཉམ་ལས་ཧུར་ཐག་མཐུན་སྦྱོར་བྱེད་དགོས། དུས་འགོའི་བརྟག་ཞིབ་ཁྲོད་ངོས་འཛིན་གཅིག་མཐུན་བྱུང་བའི་འབྲེལ་ཡོད་དོན་ཚན་ལ་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་གང་མགྱོགས་ཀྱིས་དོན་འཁྱོལ་བྱེད་པ་དང་། ལམ་ལུགས་འགན་སྲུང་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་པ་དང་། འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་གཏན་གྱི་འབྲེལ་གཏུག་ལས་སྟེགས་བསྐྲུན་ནས་འབྲེལ་གཏུག་ཞབས་ཞུ་རྒྱུན་གཏན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་འབྲེལ་གཏུག་ཞབས་ཞུའི་ལས་དོན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་དགོས། 

འབྲེལ་ཡོད་ཀྱི་བྱེད་ཐབས་ཁག་བཏོན་པ་ཡིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གཞུང་ཚབ་ལས་ཁུངས་ཀྱིས་སྔར་བས་སྤུས་ལེགས་ནུས་ཆེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་འདི་དང་བསྟུན་ནས་ཀྲུང་དབྱང་གི་མཚོ་སྔོན་གཞུང་ཚབ་ལས་ཁུངས་དང་ཞིང་ཆེན་དེ་གའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྤེལ་རེས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་བེད་སྤྱོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།