མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་དོན་རྐྱེན་གྱི་འཕྲོད་བསྟེན་མྱུར་སྐྱོབ་ཀྱི་སྨན་རྫས་དོ་དམ་དང་སྨན་རྫས་རིག་པའི་ཞབས་ཞུ་འགན་སྲུང་མ་ལག་ཞིབ་འཇུག་ལ་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོན་རྐྱེན་གྱི་འཕྲོད་བསྟེན་མྱུར་སྐྱོབ་ཀྱི་སྨན་རྫས་དོ་དམ་དང་སྨན་རྫས་རིག་པའི་ཞབས་ཞུ་འགན་སྲུང་མ་ལག་ཞིབ་འཇུག་ལས་གཞིའི་གྲུབ་འབྲས་ལ་དཔྱད་འཇོག་བྱས། ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་ལས་གཞི་འདིས་ཚད་ལྡན་གྱི་རྟོག་ཞིབ་ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ད་ལྟའི་སྨན་རྫས་འཕྲལ་བསྟུན་མ་ལག་ཁྲོད་ཀྱི་གོ་རིམ་སོ་སོའི་ཁྲོད་གནས་པའི་གནད་དོན་ཞིབ་ཚགས་སུ་བཏང་ཡོད་པར་བསྟན། 

ལས་གཞིས་འདྲི་ཤོག་དང་གཞུང་ལུགས་དབྱེ་ཞིབ་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་ཀྱིས། དངོས་ཡོད་གནད་དོན་ལ་དབྱེ་ཞིབ་བྱས་པའི་རྨང་གཞི་ཐོག  ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་ཁྲོད་ཀྱི་སྨན་རྫས་དོ་དམ་དང་སྨན་རྫས་རིག་པའི་ཞབས་ཞུ་འགན་སྲུང་མ་ལག་ཁྲོད་ཀྱི་གནད་འགག་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་ཁྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་གཞུང་ལུགས་ཀྱི་རྨང་གཞི་མཁོ་འདོན་བྱས། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་འགན་སྲུང་དང་སྨན་རྫས་རིག་པའི་ཞབས་ཞུར་བསམ་འཆར་གྲུབ་ཅིང་། མ་འོངས་པའི་ཞིང་ཆེན་ཡོངས་ཀྱི་མ་ལག་ཅན་གྱི་འཕྲལ་བསྟུན་སྨན་རྫས་དཀར་ཆག་དང་འཕྲལ་བསྟུན་གྲ་སྒྲིག དེ་མིན་སྨན་རྫས་དོ་དམ་དང་སྨན་རྫས་རིག་པའི་ཞབས་ཞུ་འགན་སྲུང་གྲུབ་པར་རྨང་གཞི་ངེས་ཅན་ཞིག་བཏིང་།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།