2020ལོའི་མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་དབུ་འབྱེད་མཛད་སྒོ་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་བསྡུས།

微信图片_20200914111940.jpg

微信图片_20200914112000.jpg

微信图片_20200914111947.jpg

འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་འབུལ་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས14ཉིན་གྱི་སྔ་དྲོར། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི2020ལོའི་མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་དབུ་འབྱེད་མཛད་སྒོ་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སོགས་འབྲེལ་ཡོད་མགོ་ཁྲིད་མཛད་སྒོའི་ཡུལ་དངོས་སུ་ཕེབས་ཏེ་དབུ་འབྱེད་མཛད་སྒོའི་ཤིས་ཚིག་ཕུལ་བར་མ་ཟད། མཛད་སྒོའི་སྟེང་ཞུགས་ཡོད་པའི་སྨྱན་སྦྱོར་ཁག་དང་ཁེ་ལས་སྡེ་ཁག་སོགས་ཀྱི་ཚབ་བྱེད་མི་སྣ་ལའང་གཟིགས་ཞིབ་གནང་བ་རེད། 

微信图片_20200914111922.jpg

འབྲེལ་ཡོད་མགོ་ཁྲིད་གྱིས་སྨྱན་སྦྱོར་སོགས་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ། 

ཤེས་གསལ་ལྟར་ན། རྒྱལ་ཁབ་དྲ་ལམ་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ནི་སྤྱི་ལོ2014ལོར་མགོ་བརྩམས་ཤིང་། ལོ་རེའི་ཟླ9པའི་གཟའ་འཁོར་གསུམ་པར་སྤེལ་བཞིན་ཡོད། ད་ལྟའི་བར་ཐེངས་དྲུག་ལ་སྤེལ་ཡོད་པ་དང་། ད་ལོའི་རྒྱབ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་ནི་ཟླ9པའི་ཚེས14ཉིན་ནས་ཚེས20ཉིན་བར་རེད། 

微信图片_20200914111931.jpg

微信图片_20200914111816.jpg

微信图片_20200914111839.jpg

རྒྱ་ཆེ་བའི་མང་ཚོགས་ཀྱིས་དྲ་རྒྱའི་བདེ་འཇགས་ཤེས་བྱ་རྒྱུས་ལོན་བྱེད་བཞིན་པའི་ཚུལ། 

འབྲེལ་ཡོད་མི་སྣས་བཤད་དོན། ཀྲུང་གོའི་དྲ་དམངས་ཀྱི་གྲངས་ཀ་དང་དྲ་རྒྱའི་གཞི་རྒྱ་ནི་འཛམ་གླིང་གི་ཨང་དང་པོ་ཡིན་པས། ཀྲུང་གོའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་དོན་སྙིང་ཧ་ཅང་ཆེས་ཆེར་ལྡན་པ་ཞིག་རེད། འདི་ཉིད་རང་སྟེང་གི་དགོས་མཁོ་དང་ཐད་ཀར་འབྲེལ་ཡོད་པར་མ་ཟད། གོ་ལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་དང་ལྷག་པར་དུ་འཛམ་གླིང་ཞི་བདེའི་ཐད་ལའང་མིག་མཐོང་ལག་ཟིན་གྱི་དོན་སྙིང་གལ་ཆེན་ལྡན། དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་ཡིས་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་གི་ནུས་པ་ཇེ་དྲག་ཏུ་བཏང་ནས། རྒྱ་ཆེའི་དྲ་དམངས་ཀྱི་དྲ་རྒྱའི་ཁྲིམས་འགལ་བརྡ་འཕྲིན་དང་། དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་ཉེས་འགལ་གྱི་ངོས་འཛིན་དང་། འགོག་སྲུང་ནུས་པ་མཐོར་བཏེགས་ཏེ། དྲ་རྒྱའི་བདེ་འཇགས་སྔར་བས་ཇེ་ལེགས་སུ་ཕྱིན་ཅིང་། ཀྲུང་གོའི་ཕུགས་འདུན་བསྐྲུན་པར་དྲ་རྒྱའི་སྒུལ་ཤུགས་ཀྱི་ནུས་པ་གང་ལེགས་ཀྱིས་འདོན་བཞིན་ཡོད་ཅེས་བཤད། །

དྲ་རྒྱའི་བདེ་འཇགས་སྐོར་གྱི་འབྲེལ་ཡོད་ཤེས་བྱ། 

“རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར”ནི“ཀྲུང་གོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར”ཞེས་པ་ཡིན་ཞིང་། དེ་ནི“དྲ་རྒྱའི་བདེ་འཇགས་མཉམ་སྐྲུན་དང་དྲ་རྒྱའི་དཔལ་ཡོན་མཉམ་སྤྱོད”བྱེད་ཆེད་སྤེལ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཞིག་ཡིན། དངུལ་རྩ་དང་། གློག་འཕྲིན། གློག་རྡུལ་སྲིད་དོན། གློག་རྡུལ་ཚོང་དོན་སོགས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་དྲ་རྒྱའི་བདེ་འཇགས་གནད་དོན་དང་། སྤྱི་དམངས་ཀྱིས་དོ་ཁུར་བྱེད་ཅིང་གླེང་ཐེངས་མང་བའི་གནད་དོན་ལ་དམིགས་ཏེ། དྲ་རྒྱའི་བདེ་འཇགས་ཉམས་ལེན་འགྲེམ་སྟོན་སོགས་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དྲ་རྒྱའི་བདེ་འཇགས་ལ་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མ་ཞུགས་དགོས་པའི་རྣམ་པ་བཟང་པོ་ཆགས་པའི་ཆེད་དུ་ཡིན།

དྲ་རྒྱའི་བདེ་འཇགས་ནི་དྲ་རྒྱའི་མ་ལག་གི་སྲ་ཆས་དང་མཉེན་ཆས། མ་ལག་ཁྲོད་ཀྱི་གཞི་གྲངས་བཅས་ལ་སྲུང་སྐྱོབ་བྱས་ཏེ། སྟེས་དབང་ངམ་སྟེས་དབང་མ་ཡིན་པའི་རྐྱེན་གྱིས་གཏོར་བཤིག་དང་། བཟོ་བཅོས། ཕྱིར་གྱར་བཅས་མི་ཐེབས་པ་དང་། མ་ལག་བསྟུད་མར་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཅིང་། དྲ་རྒྱའི་ཞབས་ཞུ་མཚམས་མི་ཆད་པ་ལ་ཟེར།

ད་སྐབས། དྲ་སྦྲེལ་བརྒྱུད་ནས་ཆ་འཕྲིན་བསྡུ་ལེན་དང་། སློབ་སྦྱོང་སྤེལ་རེས། ཟོང་ཉོ་རོལ་རྩེད། ལས་གཏོད་ལས་སྤེལ་བཅས་བྱེད་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། དྲ་སྦྲེལ་གྱི་སྟབས་བདེ་ལོངས་སྤྱོད་གང་ལེགས་བྱེད་པ་དང་ཆབས་ཅིག་ཏུ། དྲ་ལམ་འཇབ་རྒོལ་དང་། དྲ་ལམ་མགོ་སྐོར། དྲ་ལམ་དབང་གནོད་བཅས་ཀྱི་གནོད་འཚེ་ཡང་གསལ་པོར་ཤེས་དགོས། དྲ་ཐོག་ཏུ་འཆལ་རྒྱན་དུག་གསུམ་དང་། གཏུམ་སྤྱོད་འཇིགས་སྐུལ། དཀྲོག་གཏམ་སོགས་གནོད་ལྡན་ཆ་འཕྲིན་ཡང་ཡང་བཀག་ཀྱང་མི་ཁོག་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་ཕོག་པ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་མང་པོ་ཐེབས་བཞིན་ཡོད། དེར་བརྟེན་མི་སྒེར་གྱིས་དྲ་སྦྲེལ་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་སྲུང་ནན་མོ་སྒོས་རང་ངོས་ཀྱི་དྲ་རྒྱའི་བྱ་སྤྱོད་རང་རྟོགས་གིས་ཚོད་འཛིན་དང་ཚད་ལྡན་དུ་གཏོང་དགོས།

གཅིག རྒྱུན་མཐོང་གི“དྲ་རྒྱའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན།”

ཉེ་བའི་ལོ་ཤས་རིང་ལ། ཁྲིམས་འགལ་པས་རྒྱུན་དུ་ཁ་པར་དང་། འཕྲིན་ཐུང་། QQ སྐད་འཕྲིན་སོགས་འབྲེལ་གཏུགས་ལག་ཆ་སྤྱད་ནས་མགོ་སྐོར་གཏོང་བཞིན་ཡོད། 5Gཚོང་སྤྱོད་ཀྱི་སྐབས་ལ་འཁེལ་བ་དང་། ཚན་རྩལ་འཕེལ་རྒྱས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད་པ་དང་བསྟུན་ནས་དྲ་རྒྱའི་བདེ་འཇགས་ཀྱི་འཇིགས་སྐུལ་ཡང་རྣམ་པ་གསར་པའི་སྒོ་ནས་བསླུ་ཐབས་སྣ་ཚོགས་འབྱུང་བཞིན་ཡོད་ལ། ཐ་ནAIལག་རྩལ་ཡང་སྤྱོད་བཞིན་འདུག

རྩ་གཉིས་ཨང་རྟགས་བྱུང་བས་གཏོང་སྤྲོད་སྟབས་བདེར་གྱུར་ཀྱང་ཉེན་ཁ་ཡང་དེ་དང་འབྲེལ་ནས་ཡོང་གི་ཡོད། གཟབ་གཟབ་མ་བྱས་ཚེ་ཤིང་རྟ་དྲ་དུག་འགོས་ཏེ། སྐད་འཕྲིན་གྱི་གྲོགས་ཚོམས་སུ་ཡོང་ཁུངས་མི་གསལ་བའི་རྩ་གཉིས་ཨང་རྟགས་ཀྱིས་ཁྱབ་འགྲོ། དེ་བས་སེམས་ཆུང་གིས་སྦྲེལ་བ་དང་། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་གསང་བ་སྲུང་བར་གཟབ་དགོས།

ཁྲིམས་འགལ་པ་མང་པོ་ཞིག་གིས་ངན་སེམས་བཅངས་ནས་སྐུད་མེད་དྲ་རྒྱའི“CDMA”སོགས་ཀྱི་ཕྱི་གོས་གྱོན་ཡོད་སྟབས། ཁྱོད་ཀྱིས་ཁ་པར་དེར་སྦྲེལ་རྗེས། ཁྱོད་ཀྱིས་བལྟས་མྱོང་བའི་དྲ་ངོས་དང་། པར་རིས། ད་དུང་ཁྱོད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཚང་མ་བརྐུས་འགྲོ།

ཁྲམ་པས་སྐད་འཕྲིན་ཨང་གྲངས་བརྐུས་རྗེས། ཁྱོད་ཀྱི་གྲོགས་པོར་སྒོར་མོ་བསྐྱི་བ་དང་། སྐད་འཕྲིན་ལ་སྐད་སྐུར་བའི་ནུས་པ་མེད་ནའང་ཁོ་ཚོས་སྐད་ཀྱི་མ་ཡིག་ལེན་པའམ་གཞུང་ཕྱོགས་མིན་པའི་པར་གཞི་སྒྲིག་སྦྱོར་བྱས་ཏེ་སྐད་སྐུར་ངེས་ཡིན།

ཁྲམ་པས་བར་ཆད་ཁ་པར་སོགས་ཀྱི་ཐབས་ལ་བརྟེན་ནས་མི་ག་གེ་མོའི་སྐད་ཆ་སྒྲར་བླངས་ཤིང་། ཐོག་མའི་རྒྱུ་ཆར་འདྲེས་སྦྱོར་བྱས་ཏེ་རྫུན་བཟོ་བྱས་པའི་སྐད་སྒྲར་བརྟེན་ནས་མགོ་སྐོར་གཏོང་བ་རེད།

ངོ་གདོང་ལ་ཕ་རོལ་པས་ཡིད་ཆེས་བྱེད་སླ་བས། ཁྲམ་པསAIལག་རྩལ་གྱིས་ངོ་གདོང་བརྗེས་ནས་མི་སུ་ལའང་བརྫུས་ཐུབ་པ་དང་། ད་དུང་བརྙན་ལམ་གྱི་ཐབས་ལ་བརྟེན་ནས་ཆ་འཕྲིན་ངེས་གཏན་ཡང་བྱེད་ཐུབ་པས་དངོས་གནས་འགོག་ཐབས་བྲལ་བ་ཞིག་རེད།

དྲ་རྒྱའི་མགོ་སྐོར་པས་རྟག་ཏུ་མ་རུང་ཁོག་བཅུག་གིས་མགོ་སྐོར་བྱ་ཡུལ་གཏན་འཁེལ་བྱེད་ལ། ཁོ་ཚོས་རང་གི་གཡོ་ཐབས་ལ་གཞིགས་ནས་མི་ཚོགས་ལ་གདམ་གསེས་བྱས་ཏེ་མགོ་སྐོར་བྱ་ཡུལ་བདམས་པ་དང་། དངུལ་རྩ་གཡོ་ལེན་བྱེད་སྐབས་རྟག་ཏུ་མ་འཇོག་ཆ་འཕྲིན་བསྡུ་རུབ་བྱེད་མཁན་དེ་ཁོ་ཚོའི་མི་མངོན་པའི་དམིགས་ཡུལ་དུ་གྱུར་ཡོད།

གཉིས། དྲ་ལམ་གྱི་གནོད་ཡོད་ཆ་འཕྲིན་འགོག་ཐབས།

དྲ་རྒྱའི་བདེ་འཇགས་ནི་དོན་དངོས་སུ་ལུས་པོའི་བདེ་ཐང་དང་འདྲ་བར་གཙོ་བོ་འདུ་ཤེས་མཐོར་འདེགས་དང་དུས་རྒྱུན་དུ་འགོག་སྲུང་བྱེད་དགོས་པ་དེ་ཡིན། གནད་དོན་བྱུང་དུས་འགྱོད་པ་ནི་ལས་ཀྱི་ཐ་མ་ཡིན་པས། དུས་རྒྱུན་དུ་བདེ་འཇགས་ཤེས་བྱ་སློབ་སྦྱོང་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ཆ་འཕྲིན་ཕྱིར་གྱར་ཇེ་ཉུང་དུ་གཏོང་ཐུབ་པ་དང་། རྒྱུ་ནོར་གྱི་གྱོང་གུན་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། རྒྱལ་ཁབ་ཀྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་དྲ་རྒྱའི་བདེ་འཇགས་ལའང་ཁག་ཐེག་བྱེད་ཐུབ།

1. ཁ་པར་ལས་ཆ་འཕྲིན་ཕྱིར་གྱར་འགོག་པ།

སྤྱོད་ཆས་ཕབ་ལེན་ལ་གཟབ་དགོས། ཚད་ལྡན་དྲ་ཚིགས་ནས་ཁ་པར་གྱི་ཉེར་སྤྱོད་གོ་རིམ་དང་རིམ་སྤོར་ཁུག་མ་ཕབ་ལེན་བྱས་ཏེ་ཁ་པར་ནང་གིWebས་ཚིགས་ལ་དོགས་ཟོན་ཆེན་པོ་བྱེད་པ།

མཉེན་ཆས་དང་རོལ་རྩེད་ཕབ་ལེན་བྱེད་སྐབས། དབང་སྤྲོད་ནང་དོན་ཞིབ་ཚགས་ཀྱིས་བལྟས་ནས་དྲ་དུག་ཁ་པར་ལ་འགོས་པར་འགོག་པ་དང་། རྒྱུན་དུ་ཁ་པར་གྱི་གཞི་གྲངས་གྲབས་ཉར་བྱེད་དགོས།

སྤྱི་སྤྱོདWi-Fiབཀོལ་ན་ཆ་འཕྲིན་རྐུ་ལ་ཤོར་སྲིད་པས། Wi-Fiརང་འགུལ་གྱིས་དྲ་རྒྱའི་ནུས་པར་སྦྲེལ་བ་འགོག་དགོས། དེ་དང་མཉམ་དུ་རྩ་གཉིས་ཨང་རྟགས་མཐོང་མ་ཐག་རང་དགར་སྦྲེལ་མི་རུང་།

ཁ་པར་བརྒྱུད་ནས་བསྐུར་བའི་སྦྲེལ་ས་དང་ཡིག་ཆ་རྒྱུས་མེད་རང་དགར་ཁ་ཕྱེས་མི་རུང་ཞིང་། ཁ་པར་ལ་སྒོ་འབྱེད་གསང་གྲངས་བཞག་ནས་ལུས་དང་མ་བྲལ་བ་བྱེད་དགོས།

2. Wi-Fiབཀོལ་བར་སེམས་ཆུང་བྱེད་པ།

རིན་མེདWi-Fiབཀོལ་བར་གཟབ་དགོས། བློས་འགེལ་ཆོག་པའིWi-Fiབེད་སྤྱོད་གང་ཐུབ་བྱེད་ཅིང་། ཁ་པར་དང་ངོས་ལེབ་གློག་ཀླད་སོགས་ཀྱི་སྒྲིག་ཆས་ཀྱི་སྐུད་མེད་དྲ་རྒྱ་རང་འགུལ་སྦྲེལ་མཐུད་ནུས་པ་དེ་དགོས་མཁོ་ཡོད་དུས་མ་གཏོགས་ཁ་རྒྱག་དགོས།

མི་མང་འདུ་སའི་རིན་མེད་སྐུད་མེད་བརྡ་རྟགས་དེ་ཁྲིམས་འགལ་པས་བཙུགས་པའི་ཉ་འཛིན་དྲ་བར་བསྒྱུར་བར་དོགས་ཟོན་བྱེད་པ་དང་། ལྷག་པར་དུ་མི་མང་འདུ་སའིWi-Fiཡི་མིང་དང་གཅིག་མཚུངས་ཡིན་པའི་བརྡ་རྟགས་ལ་གཟབ་དགོས། མི་མང་འདུ་སར་རྒྱུས་མེད་ཀྱི་སྐུད་མེད་དྲ་རྒྱ་སྤྱོད་སྐབས་མ་དངུལ་དང་འབྲེལ་བ་ཡོད་པའི་དངུལ་ཁང་གི་རྩིས་སྒྱུར་དང་གཏོང་སྤྲོད་བྱེད་མི་རུང་།

སྐུད་མེད་སྒྲིག་ཆས་ཀྱིས་ཁས་ལེན་པའི་དོ་དམ་པའི་མིང་དང་གསང་གྲངས་བརྗེས་ཏེ། ཁྱིམ་གྱི་སྐུད་མེད་སྒྲིག་ཆས་ཀྱི་གསང་གྲངས་དཀའ་མོ་བཞག་ན་བཟང་། གསང་གྲངས་དཀའ་མོ་འཇོག་པར་དབྱངས་གསལ་དང་གྲངས་ཀ་གཉིས་སྡེབ་ན་ཤིན་ཏུ་ལེགས།

3. བར་ཆད་མགོ་སྐོར་ལ་འཕྲད་དུས་བློ་གྲོས་ལྡན་དགོས།

རང་ཉིད་དམ་ཡང་ན་ཁྱིམ་མིའི་ཐོབ་ཐང་དང་། འཕྲིན་གཏོང་ཆ་འཕྲིན་སོགས་ཁྱིམ་ཚང་དང་མི་སྒེར་གྱི་རྒྱུ་ཆ་དྲ་ལམ་ནས་གང་བྱུང་དུ་སྒྲོག་མི་རུང་ཞིང་། གཉེན་ཉེ་དང་གྲོགས་པོར་རོགས་སྐྱོར་གནང་རོགས་ཞུ་བ་དང་དངུལ་བསྐྱིས་པ་སོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་འཕྲིན་ཐུང་དང་ཁ་པར་ལ་ནན་ཏན་གྱིས་རྩད་གཅོད་དགོས།

གསོ་སྦྱོང་བརྡ་ཐོ་དང་དངུལ་ཁང་ཡིད་རྟོན་བྱང་བུ་ལྟེ་གནས་ཀྱི་མིང་ཐོག་ནས་དངུལ་བྱང་རིམ་སྤོར་དང་། ལས་མི་བསྡུ་བ། གཉེན་སྒྲིག་སོགས་ཀྱི་ཆ་འཕྲིན་འབྱོར་སྐབས་བརྟག་དཔྱད་ཞིབ་མོ་བྱེད་དགོས། བརྡ་ཁྱབ་ཀྱི་དམིགས་བསལ་ཡོ་ཆས་དང་། བཀག་རྒྱའི་དངོས་རྫས་ཀྱི་འཕྲིན་ཐུང་དང་ཁ་པར་འབྱོར་ཚེ་ཁ་ཡ་མི་བྱེད་པར་མ་ཟད། དུས་ཐོག་ཏུ་བསུབ་དགོས་པ་ལས་དངུལ་འགྲུལ་བཏང་ནས་ཉོ་མི་རུང་།

གནོད་འཚེ་གཏོང་བ་དང་། ཐེར་འདོན་གོང་ཞུ། བཙོག་དངུལ་གཙང་སྒྱུར་སོགས་ཀྱི་ནང་དོན་དང་འབྲེལ་བའི་འཕྲིན་ཐུང་དང་ཁ་པར་ཆ་མེད་ལ་ཡིད་ཆེས་བྱེད་མི་རུང་ཞིང་། “གནོད་སེལ”བྱེད་ཆེད་སྒོར་མོ་ཉེས་གསོག་པས་དམིགས་བཙུགས་རྩིས་ཐོར་དེ་བས་ཀྱང་འཇོག་མི་རུང་།

4. མི་སྒེར་གྱི་ཆ་འཕྲིན་གསང་རྒྱ་བྱེད་དགོས།

མི་སྒེར་གྱི་ཆ་འཕྲིན་གལ་ཆེན་ལ་ཉར་ཚགས་གསང་གྲངས་འཇོག་དགོས། Uསྡེར་དུ་མི་སྒེར་གྱི་ཆ་འཕྲིན་གལ་ཆེན་མི་ཉར་བ་དང་། གཞན་གྱིས་བལྟ་ཐུབ་པའི་འཕྲིན་སྦྲེལ་དྲ་བའི་སྒྲིག་ཆས་སྟེང་མི་སྒེར་གྱི་ཆ་འཕྲིན་གལ་ཆེན་ཉར་ཚགས་དང་ཐག་གཅོད་བྱེད་མི་རུང་།

མི་སྒེར་གྱི་ཆ་འཕྲིན་དེ་ཁྲིམས་མཐུན་བསྡུ་ལེན་པ་ཁོ་ནར་སྤྲོད་དགོས་པ་དང་། གློག་རྡུལ་ཡིག་ཟམ་བསྐུར་སྐབས་གསང་སྡོམ་བྱེད་དགོས་པར་མ་ཟད། བསྐུར་ནོར་འབྱུང་བར་གཟབ་སྟེ། ཐག་མི་ཆོད་ཚེ་ངེས་པར་དུ་ངོ་ཐུག་པའམ་ཡང་ན་ཁ་པར་ལམ་ནས་གསལ་པོ་འདྲི་དགོས།

ཤོག་བུའི་རྒྱུ་ཆ་ནི་ཤོག་ཆག་འཕྲུལ་འཁོར་གྱིས་མེད་པར་བཟོ་དགོས། བེད་མེད་དུ་བསྐྱུར་བའི་འོད་སྡེར་དངUསྡེར། གློག་ཀླད་སོགས་ཀྱི་ཁབ་ལེན་སེལ་བའམ་རྩ་བརླག་ཏུ་གཏོང་དགོས།

“བརྟག་དཔྱད་འདྲི་ཤོག”སོགས་ཀྱི་མིང་སྣ་ཚོགས་གཡར་ནས་མང་ཚོགས་ཀྱི་མི་སྒེར་ཆ་འཕྲིན་རྐུ་འཁྱེར་བྱེད་པའི་བྱ་སྤྱོད་ལ་གཟབ་དགོས། “བརྟག་དཔྱད་འདྲི་ཤོག”ཐོག་ཏུ་འབྲེལ་གཏུག་བྱེད་སྟངས་དང་། ཡོང་འབབ་ཀྱི་གནས་ཚུལ། ཡིད་རྟོན་བྱང་བུའི་གནས་ཚུལ་སོགས་ཀྱི་ནང་དོན་ཁོ་ན་གསལ་པོར་བྲིས་ན་རིམ་པ་མི་འདྲ་བའི་བྱ་དགའ་ཐོབ་ཐུབ་པར་བསྒྲགས་ཏེ། མང་ཚོགས་ལ་མི་སྒེར་གྱི་ཆ་འཕྲིན་འབྲི་རུ་འཇུག་པའི་གཡོ་འགུག་ལ་གཟབ་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།