མཚོ་སྔོན་བྲག་དཀར་རྫོང་གི་གནས་སྤོར་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བ་གསར་པ།

1600049481287143.jpg 
    ཟླ9པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩི་ཀོར་ཐང་གྲོང་རྡལ་གྱི་ཨ་མདོའི་དམངས་སྲོལ་རིག་གནས་གྲོང་ཚོའི་ཆ་ཤས་ཤིག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩི་ཀོར་ཐང་གྲོང་རྡལ་དུ་གནས་པའི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ནི་མཚོ་ལྷོ་ཁུལ་གྱི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་དེ་རེད། 2017ལོ་ནས་བཟུང་བྲག་དཀར་རྫོང་གིས་རྫོང་ཡོངས་ཀྱི་སྡོད་གནས་ཁ་ཐོར་དང་ཐག་རིང་ལུང་ཁུག་གི་ཞིང་འབྲོག་མང་ཚོགས་ཁྱིམ་ཚང853གཅིག་སྡུད་གནས་སྤོར་བཀོད་སྒྲིག་བྱས་པ་རེད། 2018ལོའི་ཟླ10པར་གནས་སྤོར་བཀོད་སྒྲིག་བྱ་ཡུལ་ཚང་མ་མཇུག་སྒྲིལ་ནས་དངོས་སུ་གནས་སྤོར་ཐུབ་པ་བྱུང་བས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེར་ཇེ་ལེགས་སུ་ཕྱིན་ཡོད། ཨ་མདོའི་དམངས་སྲོལ་རིག་གནས་སྡེ་བར་ད་དུང་ས་མཐོའི་གློག་རྡུལ་ཚོང་དོན་ལྟེ་གནས་བཙུགས་ནས་གློག་རྡུལ་ཚོང་དོན་ཐོན་ལས་འཕེལ་རྒྱས་བཏང་ཡོད་ལ། དེ་དང་ཆབས་ཅིག་རྩྭ་ཐང་དོ་དམ་པ་དང་ཁོར་ཡུག་གཙང་སྦྲ་བྱེད་མཁན་སོགས་ཀྱི་ལས་གནས་བཀོད་སྒྲིག་བྱས་ནས་གྲོང་མིའི་ཡོང་འབབ་བརྟན་འཇགས་ཀྱིས་འཕར་སྣོན་བྱུང་ཡོད།

1600049481883720.jpg

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩི་ཀོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ། ས་གནས་དེ་གའི་གྲོང་མི་རྣམས་རྫོང་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཁྱིམ་དུ་ལོག་བཞིན་པ།  (ཟླ9པའི་ཚེས11ཉིན། ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ལུང་གིས་པར་བསྐྱོན།

1600049482450796.jpg

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩི་ཀོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་གློག་རྡུལ་ཚོང་དོན་ལྟེ་གནས། དེ་གར་ལས་ཀ་བྱེད་མཁན་གྱི་ས་གནས་དེ་གའི་སྡེ་མི་རྡོ་རྗེ་ཕུན་ཚོགས་ཀྱིས་ཟོང་སྒྲོམ་ལེགས་སྒྲིག་བྱེད་བཞིན་པ། (ཟླ9པའི་ཚེས11ཉིན། ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ལུང་གིས་པར་བསྐྱོན།

1600049482949334.jpg

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩི་ཀོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ། ས་གནས་དེ་གའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་སྡེ་མི་ཀླུ་མོ་མཚོས་ཁྲོམ་གཞུང་གཙང་ཕྱགས་བྱེད་བཞིན་པ།  (ཟླ9པའི་ཚེས11ཉིན། ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ལུང་གིས་པར་བསྐྱོན། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།