2019ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་ཁེ་ལས་ཀྱི་དམིགས་ཚད་འགན་འཁྲིའི(ལས་འབྲས)དཔྱད་ཞིབ་ལས་དོན་ཁྱོན་ཡོངས་ནས་ལེགས་པར་གྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ད་ལོའི་ཟླ6པ་ནས་བཟུང་། ཞིང་ཆེན་དཔྱད་ཞིབ་གཞུང་ལས་ཁང་གིས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་དུ་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས20ལ་2019ལོའི་དམིགས་ཚད་འགན་འཁྲིའི(ལས་འབྲས)དཔྱད་ཞིབ་ལས་དོན་སྤེལ་ནས། འགོ་ཁྲིད་ཚན་ཁག་ཕུལ་བྱུང4དང་འགོ་ཁྲིད་ཚན་ཁག་ལེགས་པ11། འགོ་ཁྲིད་ཚན་ཁག་སྤྱིར་བཏང4། འགོ་ཁྲིད་ཚན་ཁག་ཞན་པ1བཅས་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། ལས་འབྲས་ཕུལ་བྱུང་གི་ཁེ་ལས4དང་ལས་འབྲས་ལེགས་པའི་ཁེ་ལས10། ལས་འབྲས་སྤྱིར་བཏང་གི་ཁེ་ལས4། ལས་འབྲས་ཞན་པའི་ཁེ་ལས1། ལས་འབྲས་གྲལ་བཤེར་དུ་མི་བསྡུ་བའི་ཁེ་ལས1བཅས་ཡོད། ཁེ་ལས་ཀྱི་འགོ་ཁྲིད་པ132ནང་ཕུལ་བྱུང་གི་འགོ་ཁྲིད་པ20དང་། ལས་འགན་ཐེག་པའི་འགོ་ཁྲིད་པ111། གཞི་རྩའི་ལས་འགན་ཐེག་པའི་འགོ་ཁྲིད་པ1བཅས་ཡོད། དཔྱད་ཞིབ་བྱས་འབྲས་དག་ཞིང་ཆེན་གྱིས་དོ་དམ་ཐེབས་པའི་ཁེ་ལས་ལ་ལྡོག་འདྲེན་བྱས་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་དཔྱད་ཞིབ་འབྲས་བུ་དེ་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་མི་སྣའི་རྒྱུན་གཏན་གྱི་མངོན་ཚུལ་དང་། འདེམས་སྒྲུག་བསྐོ་སྤྱོད། གསོ་སྦྱོང་སློབ་གསོ། དོ་དམ་ལྟ་སྐུལ་བཅས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའ་དང་ཆད་གཅོད་དོན་འཁྱོལ་ནན་པོ་བྱས་ཏེ་ཁེ་ལས་དང་འགོ་ཁྲིད་མི་སྣས་འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། སྔོན་ཐོན་མདུན་སྐྱོད་ལ་བརྩོན་ལེན་བྱེད་པའི་ལྕག་སྐུལ་དུ་བསྒྱུར་དགོས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།