མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་རྩ་འཛུགས་ཀྱིས་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དམངས་སྲིད་ཁོངས་གཏོགས་ཀྱི་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུ་ལ་ཞུགས་ནས་འབྲེལ་ཡོད་གསུང་བཤད་གནང་བ་རེད།

གྲོས་ཚོགས་སྟེང་དམངས་སྲིད་སྡེ་ཁག་རིམ་པ་དག་གིས་“འདུ་གསུམ་དང་རྨང་གསུམ་”གྱི་བླང་བྱ་གལ་ཆེན་ལ་དམིགས་ཏེ། ལམ་ལུགས་སྔོན་དུ་སྤྱོད་པ་རྒྱུན་འཁྱོངས་དང་། གཞི་རྩའི་དམངས་འཚོ་འགན་སྲུང་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་དམངས་འཚོའི་མཐའ་སྐྱོང་འགན་ལེན་དང་། གཞི་རིམ་སྤྱི་ཚོགས་མཉམ་སྐྲུན་མཉམ་བཅོས། དམངས་སྲིད་སྤྱི་པའི་ཞབས་ཞུ་མཁོ་འདོན་བཅས་ཀྱི་ནུས་པ་ནན་ཏན་གྱིས་ཆེ་རུ་བཏང་ནས་བཅོས་སྐྱོང་བྱེད་ཐབས་གསར་བསྐྲུན། ཞན་ཆ་གསབ་པ་དང་། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ཤུགས་བསྣན་ནས། དམངས་སྲིད་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཚོགས་འདུ་མ་འཚོགས་སྔོན། ཚོགས་ཞུགས་འཐུས་མིས་ཡུལ་དངོས་སུ་ཟི་ལིང་གྲོང་ཁྱེར་དམངས་སྲིད་ལས་དོན་གྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ལ་ལྟ་སྦྱོང་དང་སློབ་སྦྱོང་བྱས་པ་མ་ཟད། དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཆེད་དོན་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་ཀྱང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།