མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་གཞི་རིམ་ལས་དོན་ཨུ་ལྷན་གྱིས་ལས་དོན་ཡུལ་དངོས་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་གཞི་རིམ་ལས་དོན་ཨུ་ལྷན་གྱིས་ལས་དོན་ཡུལ་དངོས་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་སངས་རྒྱས་རྒྱལ་ཚོགས་འདུར་ཞུགས། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲའོ་ཆིས་ཀྲུང་། ཀྲུའུ་རེན་གཞོན་པ་སུའུ་ཉིན་དང་ཧན་ཡུས་ཀུའེ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

པད་མས་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེ་ལ་རྒྱབ་བརྟེན་བྱེད་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་བྱ་བའི་ཤུགས་འདོན་ས་དང་དོན་ཐོག་ལ་འབབ་ས་འཚོལ་དགོས་པར་བསྟན་པ་མ་ཟད། གཞི་རིམ་གྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་གཞི་རིམ་ལས་དོན་ཨུ་ལྷན་རྩ་འཛུགས་ཀྱིས་ཀྲུང་གོའི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་གཞི་རིམ་ལས་དོན་ཨུ་ལྷན་སོགས་སྡེ་ཁག་བརྒྱད་ཀྱི་《གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་ཁྲོད་ཀྱི་སྤྱོད་བཟང་ལྔ་ཡི་དཔུང་ཁག་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྤྱོད་བཟང་ལྔའི་བྱ་བར་ཧུར་བརྩོན་དང་སྐུལ་སློང་ནུས་ལྡན་བྱེད་པའི་འགན་སྲུང་དང་བྱ་དགའ་སྤྲོད་པའི་སྒྲིག་གཞི་འཛུགས་པ། བྱང་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བ། གྲུབ་ཚུལ་ལུགས་མཐུན་ཡིན་པ་བཅས་ཀྱི་སྤྱོད་བཟང་ལྔ་ཡི་དཔུང་ཁག་འཛུགས་དགོས་པར་བསྟན། །

ཚོགས་འདུའི་སྟེང། མཁར་ཤར་ཁུལ་སློབ་གསོ་ཅུའུ་ཡི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་སོགས་གཞི་རིམ་ལས་དོན་ཨུ་ལྷན24ཡི་རྩ་འཛུགས་ལ་གཟེངས་བསྟོད་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་སོགས་ཀྱི་ལས་ཁུངས11གིས་ཉམས་མྱོང་བརྗེ་རེས་སྙན་སེང་ཞུས་པ་རེད། ཚོགས་འདུ་མ་ཚོགས་སྔོན་ཚོགས་ཞུགས་མི་སྣས་ཟི་ལིང་གྲོང་ཁྱེར་ཏུང་ཀོན་སྲང་ལམ་སློབ་ཆུང་དང་། ཞའོ་ཆོན་སློབ་ཆུང་། བརྒྱད་གཅིག་སྲང་ལམ་དོན་གཅོད་ཁྲུའུ་བཅས་སུ་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་སྤེལ་བའི་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།