མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་ཆེད་དོན་ལྟ་ཞིབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན་ནས་ཚེས་10ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་རྩ་འཛུགས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མཚོ་སྔོན་གྱི་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ། “རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོའི་མཉམ་ལས་གྲོས་མཐུན》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་ཆེད་དོན་ལྟ་ཞིབ་བྱས་པ་རེད། རྡོ་རྗེ་རབ་བརྟན་དང་ལིག་ཐུང་ཏི། རིན་ཆེན་རྣམ་རྒྱལ། ཝང་ཞོན། ཏུའུ་ཏི་ཀྲི། མ་ཡོའེ་ཞང་། ལིས་ཆིན། ཧན་ཝུན་ལིན། མ་ཧའེ་ཅོན་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྟ་ཞིབ་ནང་ཞུགས་ཡོད།

ལྟ་ཞིབ་ཚོ་ཆུང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ཞིང་སྡེ་དང་ཁེ་ལས། སློབ་གྲྭ། སྡེ་ཁུལ་སོགས་གཞི་རིམ་ལས་ཁུངས་སུ་ཕྱིན་ནས། ས་ཁུལ་སོ་སོས་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས། དེའི་རྗེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ལྟ་ཞིབ་སྙན་ཞུའི་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་གསར་འཛུགས་གཞུང་དོན་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བྱས་ཤིང་། རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར(ཁུལ)རྫོང་(ཆུས)བཅས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི4ཡིས་གཏམ་བཤད་སྤེལ།

རྡོ་རྗེ་རབ་བརྟན་གྱིས་འགོ་འཛུགས་ས་གསར་པར་རྐང་འཛུགས་པ་དང་དུས་བབ་གསར་པར་གདོང་གཏད་ནས། དུས་རབས་གསར་པའི་གསར་འཛུགས་བྱ་བའི་བླང་བྱ་དང་མཐུན་པའི་དྲིལ་བསྒྲགས་སློབ་གསོའི་མ་ལག་འཚོལ་ཞིབ་ཧུར་ཐག་གིས་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་སྔར་བས་གཅིག་གྱུར་དང་བརྟན་འཇགས་གཏོང་བ་དང་། ཞིང་ཆེན་ཏང་ཨུའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན་+”ཡི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་འཛུགས་སྐྱོང་། དབུལ་ཐར་འགག་སྒྲོལ། སློབ་གསོ་དང་འཕྲོད་བསྟེན། རིག་གནས་ཡུལ་སྐོར་སོགས་བྱ་གཞག་ཁག་ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་བ་གསར་འཛུགས་ལས་དོན་ལས་རིགས་ཁག་ལ་ཁྱབ་པར་བྱས་ནས། གསར་འཛུགས་བྱ་བར་གཞི་རིམ་རྨང་གཞི་དང་མང་ཚོགས་རྨང་གཞི་བྱེད་པ་རྒྱུན་ཆད་མེད་པར་བརྟན་འཇགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝང་ཞའོ་དང་མཱ་ཧའེ་དབྱིན་འབྲེལ་ཡོད་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།