ལིའུ་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་བར་སྟོང་ལ་འཆར་འགོད་བཟོ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་བར་སྟོང་ལ་འཆར་འགོད་བཟོ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གཏམ་བཤད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཁོངས་ས་ཆའི་བར་སྟོང་ལ་འཆར་འགོད་མ་ལག་འཛུགས་རྒྱུ་དང་འབྲེལ་ནས། ལག་བསྟར་ལ་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པར་མ་ཟད། མཚོ་སྔོན་གྱི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཁོངས་ས་ཆའི་བར་སྟོང་ལ་འཆར་འགོད་མ་ལག་འཛུགས་དགོས། “འཆར་འགོད་སྣ་མང་གཅིག་ཏུ་སྒྲིལ་བ”མངོན་འགྱུར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་གཏོང་བའི་དོན་ཆེན་ཞིག་དང་། ལོ་རྒྱུས་དང་དུས་རབས་ཀྱིས་བསྩལ་བའི་ལས་འགན་ལྕི་མོ་ཞིག་ཡིན། ས་ཁུལ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་བློའི་ངོས་འཛིན་སྔར་ལས་ཇེ་མཐོར་གཏོང་བ་དང་བསམ་བློ་གཅིག་གྱུར་བྱེད་པ། ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་དང་ཁྱོན་ཡོངས་ལ་ཇུས་འགོད་བྱེད་པའི་འདུ་ཤེས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་གཞིགས་བཅས་ལ་བརྟེན་ནས། ལས་ཀའི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་བར་སྟོང་ལ་འཆར་འགོད་བཟོ་བའི་ལས་དོན་འདི་ཉིད། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་དུས་བཀག་ལྟར་ཡོངས་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།