མཚོ་བོད་ས་མཐོའི“ས་མཐོའི་འཕྲལ་བསྟུན་ཟབ་སྦྱོང་རྟེན་གཞི”ཐོག་མའི་སྒོ་བྱང་བཀལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི“ས་མཐོའི་འཕྲལ་བསྟུན་ཟབ་སྦྱོང་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡི་སྤྱི་ཁྱབ་བཟོ་བཀོད་པ་ཝུའུ་ཞིན་གཉིས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

“ས་མཐོའི་འཕྲལ་བསྟུན་ཟབ་སྦྱོང་རྟེན་གཞི”ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་། འཕྲལ་བསྟུན་དོ་དམ་པུའུ་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ཐུན་མོང་གི་ཐུགས་ཁུར་འོག་ཏུ། སྲིད་སློབ་མཉམ་ལས་བྱེད་སྟངས་ལ་བརྟེན་ནས་བཙུགས་པའི་མཚོ་བོད་ས་མཐོའི་འཕྲལ་བསྟུན་དོ་དམ་ཟབ་སྦྱོང་རྟེན་གཞི་ཐོག་མ་དེ་ཡིན་ཞིང་། ཟབ་སྦྱོང་རྟེན་གཞི་དང་འབྲེལ་བའི་ཞིབ་ཕྲའི་ལས་དོན་དེར་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་འགན་འཁུར་རྒྱུ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།