མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་པོད་གསུམ་པའི་ནང་དོན་གཙོ་བོར་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ།  འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་པོད་གསུམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ། ལག་བསྟར་བཟང་བོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་ལ་རྐང་འཛུགས་པ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་དཀའ་གནད་དང་གནད་དོན་གལ་ཆེན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱེད་ཐབས་བཟང་བོ་བཏོན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བཀོད་སྒྲིག་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ང་ཚོས་དུས་རབས་གསར་བའི་བོད་འབྲེལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། དེར་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་པ། ནམ་ཡང་ངེས་པར་བཅུའི་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་སྲིད་གྲོས་བྱ་བའི་བྱེད་ཐབས་གལ་ཆེན་དུ་བརྩི་དགོས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རྟོག་ཞིབ་གྲོས་མོལ་དང་ཨུ་ཡོན་གྱི་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ལྟ་བ་ཇེ་བརྟན་དུ་གཏོང་དགོས། བོད་འབྲེལ་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་གཙོ་གནད་དུ་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཝུན་ཀའོ་ཏུང་གིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཞིབ་བཤེར་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་བཟང་བོ་མཚོན་པར་བྱས་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། དཔེ་བཞག་རིགས་འགྲེ་དང་བསླབ་བྱ་བསྡུ་ལེན། དོགས་ཟོན་ནན་མོ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཉིས་ཟུང་འབྲེལ་བྱས་ཏེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཚན་ཁག་ལ་དོ་དམ་ནན་མོ་དང་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་གནད་བྱ་བ་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན་པ་དང་། བྱ་བ་སྤེལ་བའི་གནས་ཚུལ་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། རྩ་འཛུགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལ་སྔར་ལས་ཤུགས་བསྣན་ནས། སྤུས་ཚད་མཐོན་པོས་ལོ་ཧྲིལ་བོའི་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་པའི་སྐོར་གྱི་བཀོད་སྒྲིག་གྲོས་གཞི་དང་ཞིང་ཆེན་སྲིད་གྲོས་གྲོས་ཚོགས་ཀྱི་གཏམ་བཤད་སྒྲིག་ལམ་སོགས་ལམ་ལུགས་རང་བཞིན་ཡིག་ཆར་གྲོས་ཞིབ་བྱས།

ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ལིའུ་ཏཱ་ཡའེ་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།