མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔེ་ཀློག་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔེ་ཀློག་བྱ་འགུལ་སྤེལ་བའི་མཛད་སྒོ་བསྡུས། ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་སྲིད་གྲོས་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་ཚབ་མི་སྣས་སོ་སོར་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཞོན་གྱིས་ནན་གྱིས་བསྟན་དོན། དཔེ་ཀློག་བྱ་འགུལ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་དང་། སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ཇུས་འབུལ་སྤུས་ཚད་མཐོར་འདེགས་གཏོང་བའི་ནང་ཁོག་གི་རེ་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པའི་ཕན་ཡོད་བྱེད་ཐབས་ཡིན་པས། ཆབ་སྲིད་གླེང་རྒྱུ་དེ་དཔེ་ཀློག་བྱ་འགུལ་གྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། ཧུར་ཐག་གིས་དཔེ་ཀློག་གི་གྲུབ་འབྲས་དེ་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་དང་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བའི་གྲུབ་འབྲས་སུ་བསྒྱུར་དགོས། དཔེ་ཀློག་བྱ་འགུལ་དང་བརྗོད་དོན་འགན་སྒྲུབ་ལག་ལེན་མུ་འབྲེལ་བྱ་འགུལ་སོགས་དང་ཟུང་འབྲེལ་བྱས་ཏེ། དཔེ་ཀློག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། གང་བསམ་ལྷུག་བརྗོད་དང་རང་ཉིད་ཀྱི་ལྟ་སྟངས་བརྗོད་པ། ཁྲིམས་དང་སྒྲིག་ཡིག་དང་མཐུན་པའི་དཔེ་ཀློག་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།