མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་བསྒྲགས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་བསྒྲགས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་རིམ་པའི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་བཅས་ཏང་ཕྱིའི་མི་སྣས་སྔ་གཞུག་ཏུ་གཏམ་བཤད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྒྱ་ཆེའི་ཏང་ཕྱིའི་མི་སྣའི་ཆབ་སྲིད་རྣམ་འགྱུར་མངོན་གསལ་དང་ཆབ་སྲིད་ལངས་ཕྱོགས་བརྟན་པོ། ཆབ་སྲིད་རང་རྟོགས་མཐོན་པོ་དང་འགན་འཁྲི་ཁག་ཁུར་དྲག་པོར་ཁས་ལེན་བྱེད་འོས་ཟེར། ཁོས་བཤད་རྒྱུར། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱས་ནས། ངེས་པར་དུ་བཅུ་ནང་དོན་དུ་བྱས་པའི་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པ། བཀོལ་སྤྱོད་བཟང་བོ་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཚོས་སྤྱི་ཡོངས་ཀྱི་མཐོ་ཚད་དང་ཆབ་སྲིད་ཀྱི་མཐོ་ཚད། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་འགན་ཁུར་བའི་མཐོ་ཚད་ནས། རང་འགུལ་གྱིས་ཁག་ཁུར་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་པ། དུས་རབས་གསར་བའི་བོད་སྐྱོང་བོད་བརྟན་བོད་དར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མུ་རི་གཏེར་ཁུལ་གྱི་གནད་དོན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཡིན་ལ། ཆབ་སྲིད་ཀྱི་གནད་དོན་ཡིན་པས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིས་ནམ་ཡང་ཆབ་སྲིད་ཐད་ནས་ཀླད་པ་གསལ་བོ་བྱེད་པ་དང་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཉེན་བརྡ་དེ་རང་རྟོགས་འགུལ་སྐྱོད་དུ་འགྱུར་བར་བྱེད་པ་དང་། མཚོ་སྔོན་གྱི་རི་ལྗང་ཆུ་དྭངས་ཐད་འཐབ་ཕྱོགས་གཅིག་གྱུར་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།