ཐིན་ཅཱ་ཚའེ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་མངགས་གཏོང་ལས་ཁུངས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

ཀྲུང་གོོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་མངགས་གཏོང་ལས་ཁུངས་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་འདུའི་ཐོག་དུས་རིམ་གོང་མའི་རྫོང་རིམ་པའི་མངགས་གཏོང་ལས་ཁུངས་བཅོས་སྒྱུར་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་མཉམ་དུ། རྗེས་ཕྱོགས་ཀྱི་བྱ་བའི་འོས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཐིན་ཅཱ་ཚའེ་ཡིས་བསྟན་དོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་འགོ་ཁྲིད་ཚན་ཁག་གིས་མངགས་གཏོང་ལས་ཁུངས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་རྒྱུ་དེ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལས་ཀའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་མ་ཟད། མངགས་གཏོང་ལས་ཁུངས་ཀྱི་ལྟ་སྐུལ་ལས་དོན་དེར“མངོན་ཡོད་ཁྱབ་གདལ”གྱི་དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་ཡོད་ལ། རྗེས་ཕྱོགས་དམིགས་ཚད་ཀྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། རྫོང་རིམ་པའི་མངགས་གཏོང་ལས་ཁུངས་ཀྱི་བཅོས་སྒྱུར་ལས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།