མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔེ་ཀློག་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་བསྡུས། ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་སྲིད་གྲོས་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱི་འཐུས་མིའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་གནང་།

སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔེ་ཀློག་འཚོ་བ་ཕུན་སུམ་ཇེ་ཚོགས། སྲིད་གྲོས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་ཡོངས་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་དཔེ་ཀློག་བྱེད་སྒོ་སྤེལ། 2020ལོའི་བྱེད་སྒོས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་བརྗོད་དོན་དུ་བྱས་ནས། རང་སྦྱོང་དང་སྐད་འཕྲིན་གྱི་དཔེ་ཀློག་ཚོམས་འཛུགས་པ། དཔེ་ཀློག་གྲུབ་འབྲས་སྤེལ་རེས་བྱེད་པ་སོགས་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་བརྒྱུད། དཔེ་ཀློག་བྱེད་སྒོར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས།

ཝང་ཞོན་གྱིས་ནན་གྱིས་བསྟན་དོན། དཔེ་ཀློག་བྱེད་སྒོ་སྤེལ་བ་ནི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། ཐབས་འདོན་ཇུས་འབུལ་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ལ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། སྔར་ལས་ལྷག་པར་ངོས་འཛིན་གཅིག་མཐུན་དང་གོང་བུ་གཅིག་ཏུ་འགྲིལ་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན། ཆབ་སྲིད་ལ་དང་དོད་བྱ་རྒྱུ་དེ་དཔེ་ཀློག་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། དཔེ་ཀློག་གི་གྲུབ་འབྲས་དེ་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་རང་འགན་གཙང་སྒྲུབ་ཀྱི་ལས་ཀའི་གྲུབ་འབྲས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།