ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་མའོ་ཝའེ་མིན་དང་བཞུགས་མོལ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་10ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་དུ་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ། ཏང་ཙུའུ་ཧྲུའུ་ཅི་མའོ་ཝའེ་མིན་དང་བཞུགས་མོལ་གནང་བ་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་འཐབ་ཇུས་མཉམ་ལས་གྲོས་གཞིའི་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།  

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་མའོ་ཝའེ་མིན་མཚོ་སྔོན་དུ་བྱ་བར་རྟོག་ཞིབ་གནང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་གློག་དྲ་ཀུང་སི་ནི་ཀྲུང་གོའི་གློག་ཤུགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་སྲུང་མཁན་ཡིན་ལ། རྒྱལ་ཁབ་གློག་དྲ་ཀུང་སིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། མཚོ་སྔོན་གྱི་གློག་ཧི་ནན་དུ་སྐྱེལ་བའི་བྱ་བའི་ཚོགས་འདུའི་སྟེང་། བརྙན་རིས་བརྒྱུད་དེ་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ་དང་སྦྲེལ་མཐུད་བྱས་པས་ཕན་ཚུན་བར་བག་ཆགས་ཟབ་མོ་བཞག ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོས་རྒྱལ་ཁབ་གློག་དྲ་ཀུང་སིར་གཙོ་སྐྱོང་བྱས་རྗེས། མུ་མཐུད་དུ་འགྲོ་འོང་དང་འཛམ་གླིང་གི་མིག་རྒྱང་དང་འཐབ་ཇུས་བསམ་བློ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་སྤྱིའི་སྔོན་གྲས་ཀྱི་ནུས་ཁུངས་དྲ་རྒྱའི་ཁེ་ལས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བཏོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དེ་རྒྱལ་ཁབ་གློག་དྲ་ཀུང་སིའི་མ་འོངས་འཕེལ་རྒྱས་ཀྱི་འདུ་ཤེས་ཁྲོད་བཞག་ནས། རྒྱལ་སྤྱིའི་གནས་བབ་དང་བསྟུན་ཏེ་ནུས་ཁུངས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། མཚོ་སྔོན་ནི་རྒྱལ་ཁབ་ནུས་ཁུངས་ཀྱི་འཐབ་ཇུས་ལག་བསྟར་བྱེེད་ས་གཙོ་བོ་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་དང་། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་རྣམ་པ་བཞི་གསོ་སྐྱོང་བྱེད་པར་སྐུལ་འདེད་བྱས། ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་ནུས་ཁུངས་འཕེལ་རྒྱས་ཀྱི་བཅོས་བསྒྱུར་བཞི་དང་། མཉམ་ལས་གཅིག་གི་འཐབ་ཇུས་བླང་བྱ་ལག་ལེན་བྱས་ཏེ། མཉམ་ལས་གྲོས་གཞི་དོན་འཁྱོལ་བཟང་བོ་བྱེད་དགོས། རེ་བར་རྒྱལ་ཁབ་གློག་དྲ་ཀུང་སིས་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དང་། མཚོ་སྔོན་གྱི་གློག་ཕྱིར་སྐྱེལ་བའི་བགྲོད་ལམ་དང་།ནུས་ཁུངས་གཞི་གྲངས་ཆེན་མོ། གོང་བདེའི་གློག་རིན་སྲིད་ཇུས་སོགས་ཀྱི་ཐད་མཚོ་སྔོན་དུ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་དག་གཙང་ནུས་ཁུངས་འཕེལ་རྒྱས་ཐད་དཔེ་སྟོན་གྱི་རིན་ཐང་དང་བྱས་རྗེས་འཇོག་པར་སྐུལ་འདེད་བྱེད་དགོས་ཟེར།

མའོ་ཝའེ་མིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གློག་དྲ་ཀུང་སིར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་མ་ཟད། རྒྱལ་ཁབ་གློག་དྲ་ཀུང་སིའི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས།  

ཞིང་ཆེན་མགོ་ཁྲིད་ལིས་ཅེ་ཞང་དང་། ཡུས་ཚུང་ལི། ཝང་ལིས་མིན་བཅས་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།