“ང་ཚོའི་འབྱོར་འབྲིང་འཚོ་བར་བསྐྱོད”ཅེས་པའི་པར་ལེན་འགྲན་བསྡུར་གྱི་ཕུལ་བྱུང་བརྩམས་ཆོས་བདམས་འགོད།

1.jpg

མཛེས་པའི་རྨ་སྟོད་རྩྭ་ཐང་། ཏཱ་མིང་ཝེ་ཡི་པར། 

2.jpg

རབ་མཛེས་མདོ་ལ་སུམ་རྩེན་ཡུལ་དང་འགྲན། ཧུའང་ཅིན་གྱི་པར། 

3.jpg

གཡུ་མཚོའི་མཛེས་ལྗོངས། ཆིའི་ཧྲུའུ་ཧྥང་གི་པར། 

4.jpg

ཁྲི་ཀའི་ཡུལ་ལྗོངས། ཀུའུ་ལིས་ཅང་གི་པར། 

5.jpg

མཚོ་སྔོན་པོ།  ལའེ་ཉིང་ཅུན་གྱི་པར། 

6.jpg

སྨུག་ལོང་ཁྲོད་ཀྱི་མཐོ་སྒང་གྲོང་རྡལ། ལིས་ཙུང་ཞུའན་གྱི་པར། 

7.jpg

རྫ་ཆུའི་འགྲམ་གྱི་གྲོང་ཚོ།  ཧུང་ཡུས་ཅེ་ཡི་པར། 

ཞོགས་པར། གསེར་མདོག་གི་ཉིེ་ཟེར་དང་པོ་མདོ་ལའི་རི་རྒྱུད་དུ་འཕྲོས་ཤིང་རྔམ་བརྗིད་ཀྱི་རི་བོ་དག་སྨུག་པའི་བང་རིམ་དུ་གྲོངས་ངེར་འགྱིངས་ལ། མིན་ཡོན་གྱི་ལོག་དཀར་ཞིང་ཁར་མེ་ཏོག་སེར་པོའི་རྒྱ་མཚོ་འཁྱིལ་འདུག མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་དེ་དགའ་བྱེད་གཡུ་ཡི་རྒྱན་ཆ་ཞིག་མཐོ་སྒང་དང་སྤང་ཐང་འབྲེལ་མཚམས་འདིར་ལྷུངས་པ་དང་འདྲ་པར་ཀུན་གྱི་ཡིད་དབང་འཕྲོག  རི་ཆུ་སྤང་ཐང་འདི་དག་གིས་མཚོ་སྔོན་གྱི་མཛེས་སྡུག་ལྡན་ལ་ཐུན་མིན་གྱི་ཡུལ་ལྗོངས་རྣམ་པར་གྲུབ་ཡོད། 

འདི་ནི་མཚོ་སྔོན་ཡིན་ཏེ། འཛམ་གླིང་གི་ཡང་རྩེ་ཡིན། གཙང་གསུམ་གྱི་ཆུ་འགོ་ཡིན། ཀྲུང་ཧྭ་ཡི་ཆུ་མཛོད་ཡིན། འདི་རུ་“ཀྲུང་གོའི་ཆེས་མཛེས་པའི་མཚོ་མོ”སྟེ་མཚོ་སྔོན་པོ་ཡོད་ལ། རྒྱལ་ནང་གི་“ནམ་མཁའི་མེ་ལོང་”སྟེ་ཚྭ་ཁའི་ཚྭ་མཚོ་ཡོད། འདི་རུ་“ཀྲུང་གོའི་ཆེས་མཛེས་པའི་ལོ་དཀར་གྱི་མེ་ཏོག”སྟེ་མིན་ཡོན་མེ་ཏོག་གི་མཚོ་མོ་ཡོད་ལ། གཙང་གསུམ་འགོ་ཁུངས་ཀྱི་དྭངས་གཙང་དང་ཁོད་ཡངས་ཡོད། གནམ་སྔོན་མོ་དང་ཆུ་དྭངས་མོ། ས་གཙང་པའི་ཞིང་ཁམས་འདི་ནི་མཚོ་སྔོན་གྱིས་ཀྲུང་ཕྱིའི་ཡུལ་སྐོར་བ་དག་ལ་ཕུལ་བའི་རབ་མཛེས་མིང་བྱང་ཡིན། 

ཁྱེད་ཀྱིས་ལྟོས་དང་།  མིག་གིས་མཐོང་ཞིང་སེམས་ཀྱིས་སྒོམ་དགོས་པ་ནི་ཡིད་དབང་འཕྲོག་པའི་ལྗོངས་རྣམ་ཡིན། 

ཁྱེད་ཀྱིས་ཉོན་དང་། རྣ་བས་ཐོས་ཤིང་ཡིད་སྒོ་འགུག་བཞིན་པ་ནི་རང་བྱུང་འཆམ་མཐུན་གྱི་རོལ་དབྱངས་ཡིན། 

འདི་ནི་རབ་མཛེས་མཚོ་སྔོན་ཏེ་ཁྱེད་ཀྱི་ཉེ་སར་གནས་པའི་མཛེས་ལྗོངས་ལྟ་ན་སྡུག་པ་དེ་ཡིན། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།