མཚོ་སྔོན་རོོགས་སྐྱོར་གྱི་གྲངས་གཞི།
འགྲེམས་སྟོན་ལ་ལྟ་བཞིན་པ།
འགྲེམས་སྟོན་ལ་ལྟ་བཞིན་པ།
གཟེངས་བསྟོད་བཤམས་སྟོན།
སྔོན་ཐོན་མི་སྣ།
ཟླ9པའི་ཚེས10ཉིན། “མེས་རྒྱལ་ལ་གུས་འདུད་ཞུ། མཚོ་སྔོན་རོགས་སྐྱོར་ལ་ལེགས་སྐྱེས་འབུལ”ཞེས་པའི་མཚོ་སྔོན་ཁ་གཏད་རོོགས་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་དེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་གནས་བཤམས་སྟོན་ཁང་དུ་འཚོགས། གྲུབ་འབྲས་འགྲེམས་སྟོན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་ངོ་བཅུའི་རིང་དུ་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་དང་རྒྱལ་ཁབ་ཀྱི་མཐུན་སྦྱོར་སྣེ་ཁྲིད་ལས་ཁུངས་ཀྱི་མཛུབ་ཁྲིད་འོག་ཕན་ཚུན་ཕྱོགས་གཉིས་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། རོགས་སྐྱོར་ཐོབ་པའི་ས་ཁུལ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་དུ་གཡུར་ཏུ་ཟ་བའི་འགྲུབ་འབྲས་མི་དམན་པ་ཐོབ་པ་མངོན་པར་མཚོན་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
“མེས་རྒྱལ་ལ་གུས་འདུད་ཞུ། མཚོ་སྔོན་རོགས་སྐྱོར་ལ་ལེགས་སྐྱེས་འབུལ”ཞེས་པའི་མཚོ་སྔོན་ཁ་གཏད་རོོགས་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ཟི་ལིང་དུ་འཚོགས།