མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གཉིས་པས་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་དང་། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་བཅས་ལ་སྐོར་ཞིབ་བྱས་ཚུལ་གྱི་ལྡོག་ལན་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ9པའི་ཚེས2དང་ཚེས3ཉིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གཉིས་པས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའུ་དང་། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་བཅས་ལ་སྐོར་ཞིབ་བྱས་ཚུལ་གྱི་ལྡོག་ལན་བསྐྱོན། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཡན་ཧའེ་མའོ་ཡིས་ཏང་ཙུའི་འགན་འཁུར་བ་གཙོ་བོའི་ལྡོག་འདྲེན་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རེས་སྐོར་བདུན་པའི་སྐོར་ཞིབ་གནས་ཚུལ་སྙན་སེང་ལ་གསན་དུས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བར་མ་ཟད། ཏང་ཙུའུ་འགོ་ཁྲིད་ཚན་ཁག་ལ་ལྡོག་འདྲེན་ཚོགས་འདུའི་སྐོར་ཞིབ་དག་ཐེར་ཡོ་བསྲང་ཐད་བླང་བྱ་ཁ་གསལ་བཏོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་པིས་ཞའོ་ཉིང་གིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གི་ཚབ་བྱས་ནས་ཏང་ཙུའུ་ཡི་འགན་འཁུར་བ་གཙོ་བོ་དང་འགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་བྱས་ཚུལ་གྱི་ལྡོག་ལན་བསྐྱོན་པ་རེད། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའུ་དང་། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་བཅས་ཀྱི་འགན་འཁུར་བ་གཙོ་བོས་འགོ་ཁྲིད་ཚན་ཁག་གི་ལྡོག་ལན་ཚོགས་འདུར་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། 

ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་ལ་ལྡོག་ལན་བསྐྱོན་པའི་གནད་དོན་གཙོ་བོ་ནི། “གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པར་སློབ་སྦྱོང་ཁོང་དུ་ཆུད་མེད་ཅིང་ལག་ལེན་གནད་དུ་འཁེལ་མེད། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་དམིགས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔོན་བརྒལ་ཇུས་འགོད་བྱེད་པའི་འདུ་ཤེས་ཆེན་པོ་མེད་པ། འགན་ནུས་དང་འགན་འཁྲིར་དམིགས་ཏེ་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་སྤྱི་འདོམས་མཐུན་སྦྱོར་དང་མཛུབ་ཁྲིད་བྱེད་ཤུགས་མི་ཆེ་ལ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བའི་ཐད་ཧེ་བག་འདུག ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གནོན་ཤུགས་བརྒྱུད་སྤྲོད་ཡག་པོ་བྱུང་མེད་ལ་“འགན་འཁྲི་གཉིས”དོན་འཁྱོལ་ཡག་པོ་བྱུང་མེད། ཏང་ཙུའུ་ཡི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་མེད་ལ་ལས་བྱེད་པ་གདམ་འཐེན་བསྐོ་སྤྱོད་ཀྱི་ལས་ཀ་ཚད་ལྡན་མིན། སྐོར་ཞིབ་དང་རྩིས་བཤེར་ལས་ཐོན་པའི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་བཅོས་སྒྲིག་ཡག་པོ་བྱས་མེད།  

ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ་ལ་ལྡོག་ལན་བསྐྱོན་པའི་གནད་དོན་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྡོམས་རྩིས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་མེད་ལ་བསྡོམས་རྩིས་ལས་དོན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱུང་མེད། འགན་འཁྲི་ཡག་པོ་སྒྲུབ་མེད་པ་དང་བསྡོམས་རྩིས་ལྟ་སྐུལ་ལ་ནུས་པ་ཐོན་མེད་ཅིང་། བསྡོམས་རྩིས་ཁྲིམས་འཛིན་ནན་པོ་མིན། རྩ་འཛུགས་འཛུགས་སྐྱོང་ལ་ཞན་ཆ་ཡོད་པ་དང་ལས་བྱེད་པའི་དཔུང་ཁག་གི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་མི་ཆེ་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི“འགན་འཁྲི་གཉིས”དོན་འཁྱོལ་ཡག་པོ་བྱས་མེད་པ། སྒྲིག་འགལ་ངང་ཕོགས་སྣོན་གསབ་དངུལ་སྤྲོད་པའི་གནད་དོན་སྔར་བཞིན་གནས་པ། སྐོར་ཞིབ་དང་རྩིས་བཤེར་ལས་ཐོན་པའི་གནད་དོན་དག་ཐེར་ཡོ་བསྲང་བྱེད་ཤུགས་ཆུང་བ་དང་བརྗོད་དོན་སློབ་གསོའི་ཞིབ་དཔྱོད་ཀྱི་གནད་དོན་དག་ཐེར་ཡོ་བསྲང་གཏིང་ཟབ་མིན་པ་བཅས་ཡིན།  

ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་ལ་ལྡོག་ལན་བསྐྱོན་པའི་གནད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་རྒྱ་གྲམ་དམར་པའི་ཚོགས་པའི་ལས་དོན་སྐོར་གྱི་བླང་བྱ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་མེད་ལ། དུས་རབས་གསར་པའི་རྒྱ་གྲམ་དམར་པོའི་ཚོགས་པའི་བྱ་གཞག་གི་འགན་ནུས་ངེས་གནས་ཁོང་དུ་ཆུད་མེད། འགན་ནུས་དང་འགན་འཁྲི་སྒྲུབ་པའི་ཐད་ཞན་ཆ་ཡོད་པ་དང་། མི་ཆོས་རོགས་སྐྱོབ་དང་གེགས་སེལ་གྲ་སྒྲིག་སོགས་ཐད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་བ་ཐག་གཅོད་པའི་ནུས་པ་ཆུང་ལ། ཞལ་འདེབས་མ་དངུལ་དང་དངོས་ཟོག་དོ་དམ་བེད་སྤྱོད། རྣམ་གྲངས་འཛུགས་སྐྲུན་སོགས་ལ་ལྟ་སྐུལ་དོ་དམ་ནན་མོ་མིན་པ་དང་སྤྱོད་གཙང་ཐད་ཉེན་ཁ་ཡོད་པ། ཏང་ཙུའུ་ཡི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། སྐོར་ཞིབ་དང་རྩིས་བཤེར་ལས་ཐོན་པའི་གནད་དོན་དག་ཐེར་ཡོ་བསྲང་གནད་ལ་འཁེལ་མེད་པ་དང་། གནད་དོན་ལ་ལར་ཡོ་བསྲང་ཁྲོད་ནོར་འཁྲུལ་བྱུང་ཡོད།  

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་མངགས་གཏོང་དང་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།