ཞིན་ཁྲང་ཞིང་གིས་རྒྱལ་ཁབ་ནགས་ལས་རྩྭ་སའི་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་མགོ་ཁྲིད་ལ་ཐུག་འཕྲད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས8ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་པེ་ཅིན་དུ་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་དུ་སོ་སོར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཀོན་ཀྲི་ཨོའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཡུང་ཧྥུའུ་དང་བཞུགས་མོལ་བྱས། 

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཚབ་བྱས་ཏེ་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་དུ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་ཆེ་བ་གསུམ་གྱི་བླང་བྱ་གལ་ཆེན་དང་དབུལ་ཐར་མཁྲེགས་གཏོར་གྱི་མཛུབ་སྟོན་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཁྱོན་ཡོངས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བ་དང་འབྲེལ་ཡོད་བྱ་བར་གྲུབ་འབྲས་བཟང་བོ་བླངས། རེ་བར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་སྔོན་མ་ལྟར་སྲིད་ཇུས་དང་ལས་གཞི། མ་དངུལ། ལག་རྩལ་སོགས་ཀྱི་ཐད་མཚོ་སྔོན་དུ་རྒྱབ་སྐྱོར་དང་རོགས་རམ་མཛུབ་སྟོན་བྱེད་དགོས་པའི་འདོད་ཚུལ་བསྟན།  

ཀོན་ཀྲི་ཨོའུ་དང་ལིག་ཡུང་ཧྥུའུ་གཉིས་ཀྱིས་མཚོ་སྔོན་ནགས་ལས་རྩྭ་ཐང་དང་། དབུལ་ཐར་མཁྲེགས་གཏོར་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། མཚོ་སྔོན་གྱིས་བཏོན་པའི་བླང་བྱར་ལན་སློག་ལེགས་པོ་གནང་ཞིང་། རྗེས་ཕྱོགས་ཀྱི་བྱ་བར་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།