མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་གྱི་ལོ་ངོ་བཅུ་འཁོར་བའི་རིག་རྩལ་དགོང་ཚོགས་ཟི་ལིང་དུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་10ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མེས་རྒྱལ་ལ་གུས་འདུད་ཞུ། མཚོ་སྔོན་རོགས་སྐྱོར་ལ་བསྟོད་གླུ་འབུལ་ཞེས་པའི་རིག་རྩལ་དགོང་ཚོགས་ཟི་ལིང་དུ་འཚོགས།

ཞིང་ཆེན་མགོ་ཁྲིད་ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན། ཀྲང་ཀོང་རོང་། མཱ་ཅི་ཞའོ། ཁྲིན་རོས་ཧྥིན། མཱ་བའེ། ཀའོ་ཧྭ། ཁོང་ཡུང་། ཝང་ལིས་མིན། དབྱང་ཧྥིན་ཁྲུན། དབྱང་ཀྲི་ཝུན། མཱ་ཧའེ་དབྱིན། ཝང་ཞོན། ཁྲིན་མིན་ཀའོ། མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་རྒྱལ་ཁབ་པུའུ་ཨུ་དང་། ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད། མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་འཐུས་ཚབ་པ་སོགས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས། 

2010ལོར། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བས་ཁ་གཏད་རོགས་སྐྱོར་གྱི་བོད་འབྲེལ་གཙོ་གནད་ས་ཁུལ་གྱི་འཐབ་ཇུས་བཀོད་སྒྲིག་བྱས། པེ་ཅིན། ཐེན་ཅིན། ཧྲང་ཧའེ། ཅང་སུའུ།ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར6། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་34། ཀྲུང་དབྱང་ཁེ་ལས17བཅས་ཀྱིས་དུས་མཉམ་དུ་མཚོ་སྔོན་ཁ་གཏད་རོགས་སྐྱོར་འཐབ་ཇུས་ལག་བསྟར་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་རིང་ལ། ཏང་ཀྲུང་དབྱང་གིས་ཁ་གཏད་རོགས་སྐྱོར་དང་དབུས་ནུབ་རྒྱུད་རོགས་སྐྱོར་བྱ་བར་བཀོད་སྒྲིག་དང་བླང་བྱ་གསར་བ་བཏོན།  

ལོ་ངོ་བཅུའི་རིང་ལ། ཁ་གཏད་རོགས་སྐྱོར་སོ་སོས་མཚོ་སྔོན་དུ་ལས་སྣ2200ལྷག་ལག་བསྟར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར160ལས་བརྒལ། ལོ་ངོ་བཅུའི་རིང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་ཡར་རྒྱས་བྱུང་ཞིང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།