མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚོགས་འདུ་ཐེངས48པ་བསྡུས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཝུན་གོ་ཏུང་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བརྡ་ཁྱབ་བཏང་། ཚང་མས་ཝུན་གོ་ཏུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་ཕུགས་བསམ་དང་དད་སེམས་ཤོར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་ནས་ཏང་གི་གསོ་སྐྱོང་དང་མཚོ་སྔོན་གྱི་ཡུལ་མི་སྤུན་ཟླ་ཚོའི་རེ་བ་ཆེན་པོ་སྟོང་ཟད་དུ་བཏང་བ་མ་ཟད། མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་དང་ཁོར་ཡུག་སྐྱེ་ཁམས། ཆབ་སྲིད་སྐྱེ་ཁམས་བཅས་ལ་གཏོར་བརླག་ཚབས་ཆེན་བཏང་བར་འདོད་པ་དང་། ཚང་མས་གཅིག་མཐུན་གྱིས་བསྟན་དོན། ཀྲུང་དབྱང་གིས་ཝུན་གོ་ཏུང་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་ཐག་བཅད་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོད་སེམས་བརྟན་པོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་པའི་རྣམ་འགྱུར་གསལ་པོ་གང་ལེགས་མཚོན་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་ཆོད་དོན་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་སྔ་མ་བསླབ་བྱར་བཟུང་ནས་ཉེན་བརྡ་རྒྱུན་སྒྲོག་བྱེད་པ་དང་། སྐྱོན་བཤེར་ཞིབ་བསྡུར་དང་བསམ་ཞིབ་ཟབ་མོ་བྱས་ཏེ། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འཁོར་གྱི་མི་ལ་སློབ་གསོ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དོགས་ཟོན་དང་འཇིགས་སྣང་ཡོད་པ། མ་མཐའི་མཚམས་ཐིག་སྲུང་བའི་ཁྲིད་སྟོན་བྱས་ཏེ། རང་ངོས་ནས་མགོ་བརྩམས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་སྐྲུན་གང་ཐུབ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།