ལིག་ཐའོ་ཡིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་8ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དོན་འཁྱོལ་བྱེད་པ་དང་། གནད་དོན་ལ་དྲང་ཕྱོགས་ནས་བལྟ་བ། རང་འགུལ་བྱེད་སྟངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་ཚུར་ལན་བསམ་འཆར་དང་། ཞིང་སྡེའི་རྨོ་ཞིང་དུ་ཁང་བ་འཛུགས་སྐྲུན་བྱེད་པ། དེ་མིན་ལོ་སྔོན་མའི་ས་ཞིང་གི་གནད་དོན་ལེགས་བཅོས་ཀྱི་ཤུགས་ཚད་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་ལེགས་བཅོས་ལས་འགན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ལིག་ཐའོ་འཁོར་དང་བཅས་པ་སྔ་གཞུག་ཏུ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་དང་། གཡང་འཁྱིལ་ཆུ་གློག་ས་ཚིགས། ཞིན་ཧེ་རྫོང་ཨར་འདམ་ལས་སྣོན་ས་ཚིགས། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ཞོལ་མ་སྡེ་བ་སོགས་སུ་སོང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་ཚུར་ལན་བསམ་འཆར་དང་ཞིང་སྡེའི་རྨོ་ཞིང་དུ་ཁང་བ་འཛུགས་སྐྲུན་བྱེད་པ། དེ་མིན་ལོ་སྔོན་མའི་ས་ཞིང་གི་གནད་དོན་ལེགས་བཅོས་གནས་ཚུལ་ལ་རྟོག་ཞིབ་བྱས། ལིག་ཐའོ་ཡིས་བསྟན་དོན། ལེགས་བཅོས་བྱ་བ་སོ་སོ་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཁྱོན་ལ་འབྲེལ་ཞིང་། ཀྲུང་དབྱང་དང་མང་ཚོགས། སྤྱི་ཚོགས་བཅས་ཀྱིས་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་པས།ངེས་ཤེས་ཇེ་ཟབ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནས། ལེགས་བཅོས་བྱ་བ་གཟབ་ནན་དང་ཞིབ་ཚགས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན། 

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། དུས་ལྟར་ལེགས་བཅོས་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཡོད་པར་བྱས་ནས། ཁྱོན་ཡོངས་ནས་རྨོ་ཞིང་སྲུང་སྐྱོབ་ཀྱི་ལྟ་སྐུལ་དང་ལོ་སྔོན་མའི་ལྟ་སྐུལ་གནད་དོན་ལེགས་སྒྲིག་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་སྒྲིག་སྲོལ་དང་གྲོན་ཆུང་སྒོས་ས་ཞིང་བེད་སྤྱོད་སྒྲིག་སྲོལ་ལག་བསྟར་གྱིས། ཞིང་སྡེའི་གསར་བསྣོན་ཞིང་སྡེ་ཧམ་བཟུང་བྱས་ཏེ་ཁང་བ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།